རྩོམ་སྒྲིག སངས་དོན། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ཟླ1པའི་ཚེས31ཉིན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུའི་སྟེང་། དམངས་ཚིས་ལ་ཕན་པའི་གནས་ཚུལ་མང་པོ་ཡོད།
ད་ལོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི6ཡན་གསར་དུ་ལས་ཞུགས་ཐུབ་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི106ལས་ཞུགས་གཞན་སྒྱུར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད་བརྒྱ་ཆའི85ཡན་ཟིན་པ། ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི10ལེགས་འགྲུབ་དང་། ལས་དོན་ལས་ཁུངས་ཀྱིས་ཡོངས་བསྒྲགས་ངང་མི2800ཡན་བསྡུ་རྒྱུ་རེད། ཆེད་ལག་རྩལ་མི་སྣ་དང་མཐོ་རིམ་ཤེས་ལྡན་མི་སྣ་རིམ་པ་བཞིན18.4ལ་སླེབས་པ་དང་། ངལ་རྩོལ་འགན་སྲུང་གི་ལྟ་སྐུལ་གཏུག་བཤེར་གྱོད་གཞི་བསྡུམས་ཚད་དང་། ཟླ་ཕོགས་ཆད་པའི་ཞིང་བའི་གཏུག་བཤེར་གྱི་གྱོད་གཞི་ཐག་བཅད་ཚུལ། ངལ་རྩོལ་མི་དོན་གཞུང་གཅོད་ཀྱི་གྱོད་འདུམ་ཚད་བཅས་རིམ་པ་བཞིན་བརྒྱ་ཆའི96དང་བརྒྱ་ཆའི98 བརྒྱ་ཆའི95བཅས་ཀྱི་ཡན་ལ་སླེབས་རྒྱུ་རེད།