དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས།

2023-03-09 14:42:31   |   296

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


    ཟླ3ཚེས8ཉིན།  མདོ་ལ་རྫོང་གིས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས།  བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐེངས113པའི་སྟེང“མཛངས་མའི་སེམས་མདུན་ཏང་ལ་ཕྱོགས། འཐབ་ལམ་གསར་བར་ལང་ཚོ་འབུལ”ཞེས་པའི་གཟེངས་བསྟོད་ཚོགས་ཆེན་འཚོགས།  རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཝང་ཞིན་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལིའུ་ཀྲེན་ཁྲོན། རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཚེ་དཔལ་བཀྲ་ཤིས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲའོ་ཡན། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བྱ་བྲལ་བློ་བཟང་མཁྱེན་རབ་རྒྱ་མཚོ་བཅས་ཚོགས་འདུར་ཞུགས།   

1.png

     རྫོང་དཔོན་གཞོན་པ་ཀྲའོ་ཡན་གྱིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་ཞིང་།  རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་མ་ཟད། ད་ལོའི་ལས་འགན་བཀོད་སྒྲིག་བྱས།  རྫོང་ཡོངས་ཀྱི་བུད་མེད་རྩ་འཛུགས་ཀྱིས“ཏང་སྲིད་ཀྱི་སེམས་ཁྲལ་དང་། བུད་མེད་ཀྱི་དགོས་མཁོ། བུད་མེད་ལྷན་ཚོགས་ཀྱི་བྱེད་ནུས”བཅས་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བུད་མེད་ཀྱི་བསམ་བློའི་ཁྲིད་སྟོན་དང་། བུད་མེད་ཀྱི་ལས་གཏོད་ལས་ཞུགས། དུས་རབས་གསར་བའི་དཔལ་ཡོན་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པར་རོགས་སྐྱོར་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ། “བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར”དང“བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱོད་བཟང”མཚོན་པར་བྱས་ནས་བུད་མེད་བྱ་གཞག་ལ་གྲུབ་འབྲས་གསར་བ་ཐོབ་དགོས་ཞེས་པའི་བླང་བྱ་བཏོན།   

2.jpg

    ཚོགས་འདུའི་ཐོག ལས་རིགས་སོ་སོའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།  རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཝང་ཞིན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་དང་། རྫོང་ཡོངས་ཀྱི་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་ཡིན།  ཝང་ཞིན་གྱིས། འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོས་རིམས་ནད་འགོག་སྡོམ་དང་། རྣམ་གྲངས་འཛུགས་སྐྲུན། དཔལ་ཡོན་གྲོང་ཁྱེར་གསར་གཏོད། གྲོང་གསེབ་དར་སྤེལ་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོ་ནས་འབད་པ་བྱས་ཤིང་། ལག་ལེན་དངོས་ཀྱི་ཁྲོད་ནས་འགན་འཁྲི་ཅན་གྱི་བུད་མེད་དང་། འཇོན་ཐང་ཅན་གྱི་བུད་མེད། བུད་མེད་མཛངས་མའི་ཉམས་འགྱུར་མངོན་པར་བྱས་ཡོད།  རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས། བུད་མེད་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པས། གདེང་འཇོག་བཟང་པོ་ཐོབ་ཅིང་གནས་བབ་ལེགས་པོ་ཐོབ་ཡོད།  རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མུ་མཐུད་དུ་རྫོང་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བུད་མེད་ཀྱི་བློ་སྟོབས་ཆེར་སྐྱེད་དང་། སྟོབས་ཤུགས་གཅིག་སྒྲིལ་བྱས།  འབད་པ་ལྷོད་མེད། འབད་འབུངས་ཡར་སྐྱོད་བཅས་བྱས་ནས་དཔའ་ངར་ཆེར་བསྐྱེད་ཀྱི་རྣམ་པས་འགན་འཁྲི་གསལ་བཤད་དང་། སྣ་མང་ཕུན་ཚོགས་ཀྱི་ཕུགས་འདུན་ཀྱི་དུས་རབས་ཀྱི་ལེའུ་གསར་བ་བརྩམས་ཏེ། རྫོང་ཡོངས་ཀྱི་བུད་མེད་བྱ་གཞག་གི་རི་མོ་གསར་བ་བྲིས་ནས་འབྱོར་ཕྱུག་དང་། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ཀྱི་མདོ་ལ་གསར་བ་གཏོད་ཆེད་ལེགས་སྐྱེས་གསར་བ་འབུལ་དགོས་ཞེས་བཤད།  


མཉམ་སྤྱོད།