དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མདོ་ལ་རྫོང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

2023-03-10 12:08:36   |   215

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


    དཔྱིད་རླུང་གཡོས་པས་ཆར་ཟིམ་འཐོར།  ཁོར་ཡུག་ཀུན་ཏུ་ས་བཅུད་འཕེལ།  དུས་རབས་གསར་བར་རེ་ལྟོས་སྩོལ་བའི་དཔྱིད་རླུང“དཔྱིད་ཀྱི་དུས་ཆད”ལ་འཛོམས་ཤིང་། འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ལྷན་ཅིག་ཏུ་གྲོས་མོལ་གནང་། ཟླ3ཚེས9ཉིན། འཐབ་ཕྱོགས་ཁག་དང་ལས་གནས་མི་འདྲ་བ་སོ་སོ་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན125ཟླ་གསུམ་པའི་བཙུན་མོ་གཞོང་གི་ཕང་བར་འཛོམས་པ་དང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མདོ་ལ་རྫོང་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་འདུས་ཏེ། དྲོད་འཇམ་ཉི་འོད་ཀྱི་རེག་བྱས་བྲོད་པའི་མདོ་ལ“ཚོགས་ཆེན་གཉིས་ཀྱི་དུས་རིམ”དུ་ཞུགས། 

1.jpg

2.jpg

     རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་ཚོགས་ཆེན་ལ་ཞུགས་ནས་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཨན་ཧྲེན་ཧུའེ་དང་། ལི་ཧྲོའུ་པིང་། བྱ་བྲལ་བློ་བཟང་མཁྱེན་རབ་རྒྱ་མཚོ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས། 

3.jpg

     རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་ཧོ་ཧྲེང་ཅེ། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཁྲང་ཧྲེང་དང་དེ་བཞིན་རྫོང་ཨུ་དང་། རྫོང་དམངས་ཆེན། རྫོང་སྲིད་གཞུང་བཅས་ཀྱི་ཁྱིམ་སྡོད་འགོ་ཁྲིད་རྣམས། རྫོང་ཁྲིམས་ཁང་དང་རྫོང་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གཙོ་བོ་དང་རྫོང་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་གྲས་བསོད་བྷ་བཅས་གདན་ཞུས་ལྟར་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུར་བཞུགས། ངེད་རྫོང་གི་ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་ཁག རྫོང་དུ་བཅའ་སྡོད་ཞིང་ཆེན་དང་ཁུལ་གྱི་ལས་ཁུངས་ཁག་གི་འགན་འཁུར་བ་ཁ་ཤས་བཅས་གྲོས་ཚོགས་སུ་ཟུར་ཞུགས་གནང་། 

    ཚོགས་ཆེན་དུ་འབྱོར་འོས་ཀྱི་ཨུ་ཡོན139ལས་ཨུ་ཡོན125དངོས་སུ་འབྱོར་བས་གཏན་འབེབས་མི་གྲངས་དང་མཐུན།

    མགོ་ཚུགས་ཚོགས་ཆེན་ལ་ལག་བསྟར་ཀྲུའུ་ཞི་ལི་ཧྲོའུ་པིང་གིས་གཙོ་སྐྱོང་གནང་། 

    སྔ་དྲོའི་ཆུ་ཚོད10བར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མདོ་ལ་རྫོང་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཟི་བརྗིད་ལྡན་པའི་རྒྱལ་གླུའི་དབྱངས་རྟའི་ཀློང་ནས་གཟབ་རྒྱས་ངང་མགོ་ཚུགས། 

4.jpg

5.jpg

     ཚོགས་ཆེན་དུ་ཐོག་མར་རྫོང་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། ལས་བྱེད་མི་སྣས་གྲོས་རིམ་འཆར་ཟིན་སྒྲོག་སྦྱངས་བྱས། 

     རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲེན་ཧུའེ་ཡིས་སྲིད་གྲོས་མདོ་ལ་རྫོང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་དུ་ལས་དོན་སྙན་སྒྲོན་གནང་བ་དང་། ལས་བྱེད་མི་སྣས་བོད་སྐད་ལམ་ནས་ལས་དོན་སྙན་ཞུ་དུས་ཐོག་ངག་སྒྱུར་བྱས།

6.jpg

     སྙན་ཞུའི་ཕྱོགས་ལྔ་ནས2022ལོའི་ལས་དོན་ལ་ཕྱིར་དྲན་བྱས། སྙན་ཞུའི་ཁྲོད་བསྟན་དོན། 2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པའི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་གནད་འགག་གི་ལོ་ཡང་ཡིན། ལོ་གཅིག་གི་རིང་དུ། ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཐུགས་ཁུར་དང་མཛུབ་ཁྲིད། རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྫོང་སྲིད་གྲོས་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་རྐང་དུ་བྱས་ནས། གྲོས་མོལ་དམངས་གཙོ་དང་མཐུན་སྒྲིལ་མཉམ་ལས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཉམ་འབྲེལ་ཆེན་པོ་དང་མཐུན་སྒྲིལ་ཆེན་པོ་རྒྱུན་འཁྱོངས་སྒོས། ཇུས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ནས་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་བཞིན། ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་དང་། བསམ་པ་རྣམ་དག་གིས་རང་འགན་གཙང་སྒྲུབ། གསར་གཏོད་ཡར་བརྩོན་བཅས་ཀྱིས་སྲིད་གྲོས་ཀྱི་བྱས་རྗེས་གསར་བ་མཚོན་པ་དང་། སྲིད་གྲོས་ཀྱི་གཟུགས་བརྙན་གསར་བ་བཏོད་ནས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ། རྫོང་ཨུའི“1234”འཐབ་ཇུས་བཀོད་སྒྲིག་བདེ་བླག་ངང་ལག་བསྟར་དང་། མདོ་ལའི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།  

   སྙན་ཞུས2023ལོའི་ལས་དོན་འགན་འཁྲི་དང་ཞིབ་ཕྲའི་རིགས་ལམ་བཏོན་ཞིང་། སྙན་ཞུ་ལས་ནན་གྱིས་བསྟན་དོན། 2023ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་འདིང་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། ད་ལོའི་སྲིད་གྲོས་ལས་དོན་ལེགས་པོར་བསྒྲུབ་རྒྱུ་ནི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན། 

 7.jpg

    2023ལོའི་རྫོང་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་སྤྱིའི་རིགས་ལམ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཏེ། རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་བ་དང་ལས་འགན་གསར་བ་བརྟན་པོར་ངེས་དགོས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་སྒོས། ལྟེ་བའི་ཞབས་ཞུ་རྣམ་པར་དམ་པོར་དམིགས་ནས། རྫོང་ཨུའི“1234”སྤྱིའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ཤིང་། ཕྱོགས་ཡོངས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བྱེད་ནུས་ལག་ཏུ་བསྟར་བ། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ཀྱི་ཤུགས་འདོན་མཐའ་འཁྱོངས་བྱས་ནས། ཐོག་མའི་བསམ་འདུན་དམ་སྲུང་དང་སྒྲུབ་པའི་བསམ་པ་དངོས་འབེབས་ཀྱིས་མདོ་ལའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་འཐབ་ལམ་གསར་བའི་ནང་བྱ་སྤྱོད་སྔར་བས་ཆེ་བ་འདོན་སྤེལ་དང་།  ལག་རྗེས་སྔར་བས་ཆེ་བ་འཇོག་དགོས། གཅིག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་ཆབ་སྲིད་བརྟན་པོར་བསྐྲུན་པའི་རྨང་གཞིའི་སྟེང་མཐོ་ཚད་གསར་བར་སླེབས་དགོས། སློབ་སྦྱོང་ཐབས་ལམ་གསར་གཏོད་དང་། རང་ངོས་ནས་རྐང་ཚུགས་ཏེ་སློབ་སྦྱོང་དམ་འཛིན་བྱེད། ཐོས་བསམ་སྤྱོད་སྒོམ་གྱི་ནུས་པར་ཤུགས་བསྣན་ནས། སློབ་སྦྱོང་ཕན་འབྲས་མཐོར་འདེགས་གཙིགས་སུ་འཛིན། གཉིས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ལག་རྗེས་གསར་བ་འཇོག་དགོས།གྲོས་མོལ་སྲིད་གླེང་གཏིང་ཟབ་སྤེལ་ཏེ་ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་ཏུ་སྒྲིལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ལས་དོན་ནུས་པ་ཆེ་རུ་གཏོང་བ་དང་། ལྟ་སྐུལ་བྱེད་ཐབས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལྟ་སྐུལ་གྱི་དངོས་ཡོད་ཕན་འབྲས་ཆེ་རུ་གཏོང་དགོས། གསུམ་ནས་དམངས་གཙོ་མཐུན་སྒྲིལ་ལ་དམ་པོར་དམིགས་ཏེ་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་སྟེང་སྒུལ་ནུས་གསར་བ་འདོན་སྤེལ་བྱེད་དགོས། བསམ་བློའི་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས“སེམས་མཐུན་སྒོར་དབྱིབས”ལེགས་པོར་འབྲི་བ་དང་། མཐུན་སྒྲིལ་སྤེལ་རེས་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས། རིག་གནས་ལོ་རྒྱུས་ལས་དོན་ལ་མཐོང་ཆེན་བྱས་ཏེ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་རང་འགན་གཙང་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཚད་བརྒལ་གསར་བ་ཡོང་དགོས་ཤིང་། ཨུ་ཡོན་གྱི་ཆབ་སྲིད་ལངས་ཕྱོགས་མཐོ་རུ་བཏང་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཨུ་ཡོན་གྱི་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་སྒྲུབ་པའི་གསོན་ཤུགས་འཕེལ་དགོས་ལ། “རིག་ལྡན་སྲིད་གྲོས”འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ལྔ་ནས་འགན་སྒྲུབ་ནུས་པ་ལེགས་བཅོས་བྱས་ཏེ། སྲིད་གྲོས་ཀྱི་ཕྱོགས་བསྡུས་ནུས་པ་ལ་ཤུགས་སྣོན་རྒྱག་པའི་ཐད་ཆུ་ཚད་གསར་བ་མངོན་པར་བྱེད་དགོས། ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། སྲིད་གྲོས་ཏང་ཙུའུ་ཡི་རང་ངོས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་དང་། ལས་ཁུངས་ཀྱི་ལས་བྱེད་པ་དང་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

   སྙན་ཞུ་ལས་ནན་གྱིས་བསྟན་དོན། ཡོང་བའི་ལམ་བུར་ཕྱིར་རྟོགས་བྱས་ན་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་ཡོད་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བཞིན། ཏང་གི་ཚོགས་ཆེན་ཉི་ཤུ་བའི་མཛུབ་ཁྲིད་ཀྱི་མདུན་སྐྱོད་ཁ་ཕྱོགས་བརྒྱུད་དེ། རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡིད་ཆེས་བརྟན་པོ་དང་། དངོས་ཡོད་ལག་ལེན། བློ་གཅིག་སེམས་གཅིག དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས་ཤིང་། འབྱོར་ཕྱུག་དཔལ་ཡོན། འཆམ་མཐུན་མཛེས་སྡུག་གི་དེང་རབས་ཅན་གྱི་མདོ་ལ་གསར་བ་བསྐྲུན་པའི་རླབས་ཆེན་འཐབ་ལམ་གྱི་གོ་རིམ་ཁྲོད། ཟམ་མ་ཆད་པར་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་བ་དབྱེ་དགོས། 


མཉམ་སྤྱོད།