དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་གིས་རྒྱ་ཆེའི་བུད་མེད་ཡོངས་ལ་ཁྲིམས་སྐྱོང་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ།

2023-03-10 12:34:00   |   828

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


   རྒྱ་ཆེའི་བུད་མེད་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་མཐོ་རུ་གཏོང་ཆེད། ༢༠༢༣ལོའི་ཟླ༣ཚེས༨ཉིན། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་གིས་རྫོང་ཁྲིམས་འཛིན་ཅུའུ་ཡི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པ་ལྕགས་མོ་འཚོ་གདན་ཞུ་བྱས་ཏེ། གཡུ་དཀར་འོམ་ལུང་ཤང་གི་བུད་མེད་ལས་བྱེད་ལས་བཟོ་དང་སྡེ་བ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན། མང་ཚོགས་ཀྱི་འཐུས་ཚབ་མ་ཡོངས་རྩ་འཛུགས་སྒོས་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད། 

༡.jpg

   ཐེངས་འདིའི་འཆད་ཁྲིད་ཁྲོད། ཁྲིམས་རྩོད་པ་ལྕགས་མོ་འཚོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》བརྗོད་དོན་དུ་བཟུང་སྟེ། རིག་གནས་སློབ་གསོ་དང་ངལ་རྩོལ། སྤྱི་ཚོགས་འགན་ལེན། གཉེན་སྒྲིག་སོགས་ཕྱོགས་མང་པོའི་ཐད་ནས་བུད་མེད་ཀྱི་ཁེ་དབང་དང་འབྲེལ་བའི་བཅའ་ཁྲིམས་གཏན་འབེབས་འཆད་ཁྲིད་བྱས་པ་རེད། བུད་མེད་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེན་སྒྲིག་དང་། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་གཙོ་གནད་དུ་བཟུང་ནས་གསལ་འགྲེལ་བྱས་པ་དང་ཆབས་ཅིག གྱོད་གཞིའི་སྟེང་ཁྲིམས་ལུགས་འགྲེལ་བཤད་དང་བཅའ་ཁྲིམས་སྟེང་དོན་དག་གླེང་མོལ་གྱི་བྱེད་ཐབས་སྤྱད་དེ། གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་དང་ཁྱིམ་ཚང་གི་གཏུམ་སྤྱོད་ཅི་ལྟར་ཐག་གཅོད་བྱེད་པ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བའི་དོན་དངོས་གྱོད་དཔེ་གསལ་འགྲེལ་བྱས་ཏེ། བུད་མེད་ཀྱིས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་རྒྱུན་ཤེས་དང་མྱོང་ཚོར་སྔར་བས་སྲ་བརྟན་དུ་བཏང་། 

微信图片_20230310124005.jpg

  ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། བརྗོད་བྱ་ཡང་དག་པ། གནད་འབུར་དུ་བཏོན་ནས་རྒྱ་ཆེའི་བུད་མེད་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གཡུ་དཀར་འོམ་ལུང་ཤང་གི་བུད་མེད་ཀྱི་ཁེ་དབང་འགན་སྲུང་ལས་དོན་ཐད་དུ་མཛུབ་ཁྲིད་ཀྱི་ནུས་པ་མཚོན་པར་བྱས།

གསར་འགོད་པ། ཚེ་བྱམས་རྒྱལ། 


མཉམ་སྤྱོད།