དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ། ཤ་བོ་སྐྱབས་དང་ལིག་ཞིན་མིན་ཚོགས་འདུར་ཕེབས་ཏེ་ཤིས་ཚིག་ཕུལ།

2023-03-10 13:31:07   |   248

    རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


1.jpg

    ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་གཉིས་ཀྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུས་ཀྲང་ལིག་ཞིན་མིན་གན་རྒྱ་འཇོག་པའི་མཛད་སྒོར་སླེབས་ཏེ་ཤིས་ཚིག་ཕུལ་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་གིས་གཙོ་སྐྱོང་གནང་། 

2.jpg

     ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། མཚོ་བྱང་གི་རྒྱབ་རི་མདོ་ལ་རི་བོར་གཏད་ལ་མདུན་ངོས་མཚོ་སྔོན་པོར་ཕྱོགས་ཡོད། མདོ་ལའི་ཨ་མྱེས་སྟོང་སོ་དང་མཚོ་སྔོན་པོ5Aརིམ་པའི་མཛེས་ལྗོངས་ཁུལ་གཉིས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་བསྐྲུན་རྒྱུ་ནི་མཚོ་བྱང་གི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་གདམ་ག་ཞིག་ཡིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཚོ་བྱང་དུ་ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བར་མ་ཟད། ལྗང་མདོག་སྐྱེ་ལྡན་གྱི་ཆས་རྟགས་སྐྱེད་སྤེལ་དང་། བོད་སྨན་ལས་སྣོན་ཐོན་ལས་འཕེལ་རྒྱས། བཟའ་བཅའི་བདེ་འཇགས་ཞིབ་བཤེར་ཚད་ལེན་ནུས་པ། རིག་ནུས་ཁྲོམ་ར་ལྟ་སྐུལ་དོ་དམ་མ་ལག ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་མཚོ་བྱང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱ་རྒྱུ་ནི་ཅུས་དང་ས་གནས་ཕྱོགས་གཉིས་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། “སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ”ལ་སྐུལ་འདེད་གཏོང་བ་དང“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཅིག་རེད། ཐེངས་འདིའི་གན་རྒྱ་བཞག་པ་དེ་མཚོན་རྟགས་གསར་བ་དང་མགོ་འཛུགས་ས་གསར་བར་བརྩིས་ནས་མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རིམ་པ་སྔར་ལས་མཐོ་བ་དང་། ཁྱབ་ཁོངས་སྔར་བས་མང་བར་མཉམ་ལས་བརྗེ་རེས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་ཐོན་རྫས་ཚད་ལྡན་ཅན་གྱི་ཚོད་ལྟའི་འཛུགས་སྐྲུན་དང་། ས་ཁོངས་ཆས་རྟགས་སྐྱེད་སྤེལ། སྤུས་ཚད་ཁས་ལེན་ར་སྤྲོད་དང་། ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལག་རྩལ་མཛུབ་ཁྲིད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་བས་མང་བ་བྱ་རྒྱུའི་རེ་བ་ཡོད།  མཚོ་བྱང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་བྱ་གཞག་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་ཚད་བརྒལ་གསར་བ་ཡོང་རྒྱུར་རོགས་རམ་བྱས་ཡོད་པར་བསྟན།

3.jpg

     ལིག་ཞིན་མིན་གྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱར་དམིགས་ནས“གསར་བརྗེ་དང་ལྗང་མདོག ཁྱད་ལྡན”བཅས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གཙོ་གནད་དུ་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་དང་དུས་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་པ། རིག་གནས་ཡུལ་སྐོར་བྱེད་སྟངས་ཁྱད་ཆོས་ལྡན་པ། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་བཅས་ཀྱི“གྲོགས་ཚོམས”རིམ་བཞིན་རྒྱ་ཆེར་ཕྱིན་ནས་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མིག་དཔེ་མཁོ་འདོན་བྱས་ཡོད། ལྷག་པར་དུ་ཁྲོམ་ར་ལྟ་སྐུལ་དོ་དམ་བྱ་བའི་འགན་ནུས་མཉམ་འདྲེས་དང་བཅོས་སྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཉམས་མྱོང་ཁག་ཅིག་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་བས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་ཐོན་ཡོད། ཁོང་གིས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཚོ་བྱང་ཁུལ་དང་འབྲེལ་གཏུག་བརྗེ་རེས་གཏིང་ཟབ་དང་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ས་ཁོངས་ཀྱི་ཆས་རྟགས་གཏོད་པ་དང་སྤུས་ཚད་སྟོབས་ཆེའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཕྱོགས10ཐད་ཀྱི་མཉམ་ལས་དོན་ཚན་ལ་དམིགས་ནས་འཆར་འགོད་མཉམ་ལས་དང་ཆེད་དོན་བགྲོ་གླེང་། ལས་གཞི་འབྲེལ་མཐུད་བཅས་སྔར་བས་ཞིབ་ཚགས་སུ་བཏང་སྟེ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ས་ཁུལ་ཁག་ཅིག་གི་མཉམ་ལས་ཀྱི་དཔེ་མཚོན་གསར་བ་མཉམ་དུ་གཏོད་རྒྱུ་ཡིན་པར་བསྟན།

4.jpg

5.jpg

     ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན། ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།


མཉམ་སྤྱོད།