དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་ལས་འགན་འཁུར་བའི་ཁྱབ་སྒྲོག་ཚོགས་ཆེན་འཚོགས།

2023-03-10 14:25:29   |   133

     རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


   ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་བྱང་ཡན་ལག་དམག་ཁུལ་གྱིས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་ལས་འགན་འཁུར་བའི་ཁྱབ་སྒྲོག་ཚོགས་ཆེན་འཚོགས། ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་དམག་སྤྱི་བློ་མཐུན་ལིག་ཀུ་ཕིང་གིས་བློ་མཐུན་ཤ་བོ་སྐྱབས་ཀྱིས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་ལས་འགན་འཁུར་རྒྱུའི་བཀའ་སྒྲོག་འདོན་གནང་ཞིང་གོ་གནས་བསྐོ་གཞག་གི་ཡི་གེ་གནང་བ་དང་འབྲེལ་རྟེན་འབྲེལ་ཞུས།

1.jpg

    ལིག་ཀུ་ཕིང་གིས་རང་རྟོགས་ངང་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་ཁུར་འཁུར་དགོས། ཡན་ལག་དམག་ཁུལ་ཏང་ཨུས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་རྩ་བའི་གཞི་འཛིན་ས་བྱེད་པ་དང་དགོངས་དོན་གྱི་ངོ་བོ་དང་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ལས་འགན་སྒྲུབ་སེམས་དང་འགན་ཁུར་འཁུར་སེམས་ཆེ་རུ་ཏན་ཏིག་བཏང་ནས། ཏང་གིས་དྲག་ཆས་བྱ་བར་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་བརྟན་པོ་འཁུར་དགོས། རྒྱལ་སྲུང་སྐུལ་སློང་གི་ལས་ཁུར་དང་འགན་འཁྲི་བརྟན་པོ་བསྒྲུབ་དགོས། ཡན་ལག་དམག་ཁུལ་ཏང་ཨུས་གཡུལ་འགྱེད་ཅན་གྱི་རྒྱལ་སྲུང་སྐུལ་སློང་བྱེད་པའི་དངོས་ཡོད་དགོས་གཏུགས་ཀྱི་བསམ་པ་མུ་མཐུད་ཆེ་རུ་བཏང་ནས། མཚོ་སྔོན་གྱི་མཐའ་བདེ་བོད་བརྟན་གྱི་འཐབ་ཇུས་ཀྱི་ས་གནས་གལ་ཆེན་དང“བདེ་འཇགས་གསུམ”གྱི་འཐབ་ཇུས་ཀྱི་རིན་ཐང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“རྒྱལ་དོན་གྱི་ཆེ་ཕྱོགས”དང“དམག་དོན་གྱི་དོན་ཆེན”གྱི་ཆབ་སྲིད་འགན་ཁུར་ཆེ་རུ་བཏང་སྟེ། དགྲ་བོ་མིག་མདུན་དུ་ཡོད་པ་དང་དམག་འཁྲུག་ནམ་ཡིན་ཡང་འབྱུང་བའི་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྦྱོང་དང་དམག་གྲབས་བྱེད་པ་དང་རྒྱུན་གཏན་གྱི་གྲ་སྒྲིག་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། གཉིས་བཀུར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་དགོས། ཡན་ལག་དམག་ཁུལ་རིམ་པ་སོ་སོས་དུས་རབས་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་བཅས་དང་འཚམ་གང་ཐུབ་བྱེད་དགོས། གསར་གཏོད་ཡར་བརྩོན་དང་དམག་དཔུང་གི་སྟོབས་ཤུགས་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུར་དོ་སྣང་བྱས་ནས་དམངས་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད། མྱུར་སྐྱོབ་གེགས་སྐྱོབ། རོགས་སྐྱོར་དང་འཛུགས་སྐྱོང་། བདེ་འཇགས་གསར་གཏོད་སོགས་ཀྱི་ལས་འགན་གལ་ཆེན་འཁུར་ཕོད་པ་བྱས་ཏེ། དམག་སྲིད་དང་དམག་དམངས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་ནུས་དང་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནུས། དམག་འཐབ་ལ་རྒྱལ་ཁ་ཐོབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་དམངས་བུ་ཕྲུག་དམག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྣང་བརྙན་བཟང་པོ་མངོན་པར་བྱེད་དགོས་པ་ནན་གྱིས་བསྟན།

2.jpg

   ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནི་རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སྦྲུམ་གསོ་བྱེད་ས་དང་ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཚིགས་འདེགས་པའི་ས་ཆ་ཞིག་ཡིན་ལ། དམར་དམག་དམག་དཔུང་གིས་ཁྲག་འདོན་དམར་འཛིང་བྱེད་ས་ཞིག་ཀྱང་ཡིན། གསར་དུ་བསྐོ་གཞག་བྱས་པའི་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས། ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཚན་ཁག་གི་ཁོངས་མི་དང་མཉམ་དུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་བྱ་བའི་བླང་བྱ་ལྟར། འགན་འཁྲིའི་འདུ་ཤེས་དང་བྱ་བ་སྒྲུབ་སེམས་ཆེན་པོས་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་བྱ་བའི“རྒྱུག་མཐུད་དབྱུག་པ”དང་ལེན་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་འཛིན་པ་དང་། དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམིགས་པ། དམག་གྲབས་གཡུལ་འགྱེད་གྱི་ལྟེ་བའི་བྱ་བར་དམིགས་པ་བཅས་བྱས་ནས་དམག་དཔུང་བཅོས་སྒྱུར་ལ་ཞབས་འདེགས་ཞུ་བ་དང་རྒྱབ་རྟེན་བརྟན་པོ་ཞིག་བྱ་རྒྱུ་ནི་སྒྲུབ་དགོས་པའི་འགན་འཁྲི་དང་ནང་གནས་ཀྱི་བྱ་བར་བརྩིས་ཏེ་བཅའ་སྡོད་དམག་དཔུང་གི་དཀའ་གནད་སེལ་བ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་ཡག་པོ་སྒྲུབ་པ་བཅས་དངོས་འབྲེལ་བྱ་རྒྱུ་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པ་དང་མཚོ་བྱང་གི་ཁྱད་ཆོས་ལྡན་པ། གཡུལ་འགྱེད་གཞི་གཅིག་ཅན་བཅས་ཀྱི་དམག་དོན་སྟོབས་ཤུགས་མ་ལག་འཛུགས་སྐྱོང་ཤུགས་ཆེན་བྱས་ནས། མཚོ་བྱང་གི་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དུས་མཚུངས་སུ་མཚོ་བྱང་གི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་རྒྱལ་དར་བྱེད་ཐབས་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་གིས་དྲག་ཆས་དོ་དམ་བྱེད་པའི་བྱ་བ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་དང་མཉམ་དུ་འཆར་འགོད། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་ཐུན་མོང་མཉམ་སྒུལ། སྟོབས་ཤུགས་གཅིག་སྒྲིལ། དུས་མཉམ་འཕེལ་རྒྱས་བཏང་ནས་རྒྱལ་སྲུང་དང་དཔལ་འབྱོར་འཛུགས་སྐྲུན་ཕན་ཚུན་སྐུལ་འདེད་དང་། མཐུན་སྦྱོར་འཕེལ་རྒྱས། དུས་མཉམ་མཐོར་འདེགས་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱ་རྒྱུ་ཡིན་ཞེས་བསྟན།

3.jpg

       ལས་འགན་འཁུར་བའི་ཚོགས་ཆེན་མ་འཚོགས་གོང་བློ་མཐུན་ལིག་ཀུ་ཕིང་གིས་བློ་མཐུན་ཤ་བོ་སྐྱབས་ལ་ལས་འགན་མ་ཁུར་གོང་གི་གླེང་མོལ་གནང་བ་དང་ཚོགས་འདུ་གྲོལ་རྗེས་མཐོ་སྒང་སྙིང་སྟོབས་འགྲེམས་ཁང་དུ་གཟིགས་ཞིབ་གནང་།

      ཞིང་ཆེན་དམག་ཁུལ་ལས་སྒྱུར་གཞུང་ལས་ཁང་གི་ཀྲུའུ་རིན་ལི་པའོ་ཆང་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། མཚོ་བྱང་ཡན་ལག་དམག་ཁུལ་གྱི་དམག་སྤྱི་ཝང་ཅིན། ཆབ་སྲིད་ཨུ་ཡོན་ལིའུ་ཏུང་། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཞང་ཏུང་སོགས་དམག་ཁུལ་གྱི་མགོ་ཁྲིད་རྣམས་ལས་འགན་འཁུར་བའི་ཚོགས་ཆེན་ལ་ཞུགས།


མཉམ་སྤྱོད།