དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-10 08:31:06   |   167

  རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ལོ་ཙཱ། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞི་པན་ཡའི་རྒྱལ་བོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་ཕན་ཚུན་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ50འགོར་བར་རྟེན་འབྲེལ་ཞུས།

  • ཞིང་ལས་བཀོད་སྒྲིག་གི་གནས་ཚུལ་གསར་ཤོས་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་སྔ་འབྲས་འདེབས་ཚུལ་བཅུ་ཆའི་གཉིས་ལ་ཉེ་བ་དང་། དཔྱིད་ཀྱི་ཞིང་འདེབས་ཐོན་སྐྱེད་བདེ་བླག་ངང་སྐུལ་སྤེལ་བྱས།

  • རྒྱལ་ཁབ་སྡོམ་རྩིས་ཅུས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། རྒྱལ་ཡོངས་སྡོད་དམངས་ཀྱི་འཛད་སྤྱོད་རིན་ཐང་གི་སྟོན་གྲངས་དུས་མཉམ་དང་བསྡུར་ན1. 0%འཕར།

1.jpg

  • རང་རྒྱལ་གྱི་ཚན་རིག་པས་ཕྱི་ཕྱོགས་རང་བཞིན་གྱི་སྒྲོམ་གཞི་གསར་བ་ཐོག་དང་པོར་གསར་བསྐྲུན་བྱས་ཤིང་། སྤྱི་ལེ615ཡི་འོད་སྐུད་ཚད་རྡུལ་འཕྲིན་གཏོང་མངོན་འགྱུར་བྱེད་པ་ལེགས་འགྲུབ་བྱས།

2.jpg

  • ཚེས8ཉིན། ཀྲུང་གོའི་འགྲན་ཞུགས་པ་ཝུ་ཡུས་པིན་གྱིས་ATP1000དབྱིན་ཏེ་ཨན་ཝེ་ཨར་སི་རྩེ་མཁན་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་འགྲན་གྱི་རེབ་དང་པོའི་འགྲན་བསྡུར་ཁྲོད་རྒྱལ་ཁ་བླངས་པ་དང་། དེ་ནི་ཀྲུང་གོའི་ནང་ལོག་གི་ཝང་ཆིའུ་སྤོ་ལོ་སྐྱེས་པའི་འགྲན་ཞུགས་པས་ཕྱི་རྒྱལ་རྩེ་མཁན་འགྲན་བསྡུར་ཁྲོད་བླངས་པའི་རྒྱལ་ཁ་ཐོག་མ་ཡིན།

སྤྱི་ཚོགས།

3.jpg

  • ཚེས10ཉིན་ནས་ཚེས12ཉིན་བར། འཁྱག་རླུང་དྲག་པོས་ཤུགས་རྐྱེན་གྱི་དབང་གིས་ཀྲུང་ཏུང་གི་ས་ཁུལ་མང་ཆེ་ཤས་ཀྱི་དྲོད་ཚད6-10℃མར་ཆག་རྒྱུ་དང་། ས་ཆ་ཉུང་ཤོས་ཀྱི་དྲོད་ཚད་མར་ཆག་ཚད་12℃སླེབས་རྒྱུ་རེད།

  • ཚེས་9ཉིན། རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་འཛམ་གླིང་གི་ཆེས་ཆེ་བའི་སྒམ་སྒྲིག་གྲུ་ཆེན་ཐའེ་ཧྲ་རྟགས་ཅན་དེ་ཧྲང་ཧེ་ནས་སྤྲད་པ་དང་། གྲུ་ཧྲིལ་བོར་ལྗིད་ཚད་ཏུན་ཁྲི་24ཡི་དངོས་པོ་བཞག་ཆོག

4.jpg

  • ཉེ་ལམ། སྐྱེས་པ་མང་པོ་ཞིག་ཡོན་མིང་ཡོན་གླིང་ག་ནས་ལན་ཀན་ར་བ་དང་ཤུལ་བཞག་དངོས་རྫས་ཐོག་འགོས་པས། ཡོན་མིང་ཡོན་དོ་དམ་ཁྲུའུ་ཡིས་ཉེན་རྟོག་པར་ཁ་པར་བཏང་།

5.jpg

  • སི་ཁྲོན་ཙེ་དབྱང་སློབ་ཆུང་གི་སློབ་མ་ཀྲུང་དབྱི་མའོ་ཡིས་རིན་ཐང་སྒོར་ཁྲི16ཅན་གྱི་གསེར་གྱི་རྒྱན་ཆ་རྙེད་རྗེས་མྱུར་དུ་ཉེན་རྟོག་པར་ཁ་པར་བཏང་ནས་ཕྱིར་སྤྲད་པས། ས་གནས་ཀྱི་ཁེ་ལས་ཀྱིས་སློབ་ཞུགས་རོགས་སྐྱོར་ལེགས་སྐྱེས་བྱིན།

6.png

སྲིད་ཇུས། 

  • ཐེན་ཅིན་གྱིས་མཛུབ་སྟོན་བསམ་འཆར་བཏོན་ནས། རིམ་བརྩེགས་བཞི་ཡན་གྱི་སྡོད་ཁང་ལ་གློག་སྐས་ལས་ཆོག

  • ཧུའུ་པེ་ཡིས་བརྡ་སྦྱོར་བཏང་ནས། སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་ལ་རོགས་སྐྱོར་མུ་མཐུད་དུ་ལག་བསྟར་དང་། ཞིབ་མཆན་བཀོད་པའི་རྣམ་གྲངས་་ལ་སྒོར་ཁྲི་5ནས་འབུམ་5ཡིས་རོགས་སྐྱོར་བྱེད་རྒྱུ།

འཚོ་བའི་དྲན་སྐུལ། 

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གྱི་ཤར་རྒྱུད་དང་ཁྲུང་ཆིན། ཧུའུ་པེའི་ནུབ་ལྷོ་རྒྱུད། ཀོས་ཀྲིག་གི་ཤར་ལྷོ་རྒྱུད། ཧུའུ་ནན་བྱང་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད། ཧྭ་པེ་དབུས་བྱང་རྒྱུད་སོགས་ཀྱི་ས་ཆར་བྱེ་རླུང་དང་ཤར་རྒྱུད་ཀྱི་མཚོ་ཁོངས་སུ་སྨུག་པ་ཡོད།

10.jpg


མཉམ་སྤྱོད།