དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-10 15:20:24   |   196

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ལོ་ཙཱ། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོས་སྐབས་གསར་བའི་རྒྱལ་ཁབ་མགོ་ཁྲིད་གདམས་ཐོན་བྱུང་བ་དང་། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གདམས་པ་དང་། ཀྲའོ་ལི་ཅི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་གདམས། ཧན་ཀྲེང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་གདམས། གསར་དུ་གདམས་པའི་མགོ་ཁྲིད་རྣམ་པས་རྩ་ཁྲིམས་དམ་བཅའ་བཞག་ཅིང་། གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་འཆར་གཞི་ལ་ཆོག་མཆན་ཐོབ།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོ་ཚེས༡༠ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཤིང་། སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ཁང་གི་མགོ་ཁྲིད་གདམས་ཐོན་བྱུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ་ཝང་ཧུའུ་ཉིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་གདམས། གྲོས་ཚོགས་ཀྱིས་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ༢༣གདམས།

  • རིག་གནས་གནས་སྐོར་པུས་རེབ་གཉིས་པའི་སླར་གསོ་བྱས་པའི་ཕྱིར་སྐྱོད་ཚོགས་པའི་གནས་སྐོར་རྒྱལ་ཁབ་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས།

2.jpg

  • ཚེས༡༠ཉིན་གྱི་དུས་ཚོད༦དང་སྐར་མ༤༡སྟེང་། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་ལྟེ་གནས་ཀྱིས་ཁྲང་ཀྲེན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཨང་རྟགས་བཞི་བ་བཀོལ་ནས། ཐེན་ཧུའེ་ཨང་རྟགས་དྲུག་པ་གནམ་དུ་གཏོང་བ་ལེགས་འགྲུབ་བྱུང་།

3.jpg

  • ཚེས༩ཉིན། ཞིང་ཅང་ཐ་ལི་མུའུ་གཞོང་སར་གནས་པའི་སྣུམ་ཞིང་ཀུའོ་ལི3cདོང་ཕུག་ཐུབ་པ་དང་། གཏིང་ཚད་སྨི9396ཡིས་ཡ་གླིང་གི་སྣུམ་རླངས་ཆུ་ཚད་ཀྱི་ཟིན་ཐོ་གསར་བ་བྲིས།

སྤྱི་ཚོགས།

4.jpg

  • ཀྲུང་དབྱང་གནམ་གཤིས་ཅུས་འཁྱག་རླུང་མདོག་སྔོན་པོའི་ཉེན་བརྡ་བཏང་བ་དང་། སྔོན་དཔག་བྱས་པ་ལྟར་ན་དེ་རིང་ནས་ཚེས༡༣ཉིན་བར། ཀྲུང་ཏུང་གི་ས་ཁུལ་མང་ཆེ་ཤོས་ཀྱི་དྲོད་ཚད་6~10མར་ཆག་རྒྱུ་རེད།

  • ཟླ༢པར། རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཐོན་སྐྱེད་དང་ཕྱིར་འཚོང་ཚད་སོ་སོ་རླངས་འཁོར་ཁྲི55.2དང་52.2ཡིན། ཁྲོམ་རའི་ཟིན་ཚད་26.6%ཡིན།

微信图片_20230311104915.jpg

  • མིག་སྔར། བར་སྣང་ནས་ཕྱིར་འཁྱེར་ཡོང་བའི་དངོས་པོ༤བོ་ཀྲུང་གོ་བུད་མེད་བྱིས་པ་དངོས་མང་རྟེན་མཛོད་ཁང་གིས་ཡུན་རིང་གསོག་ཉར་བྱས།

6.jpg

  • ཀྲེ་ཅང་ཧང་ཀྲིག་གི་ཟོང་འཁོར་ཞིག་གློ་བུར་དུ་རང་འབར་བྱུང་བ་དང་། ཉེ་འགྲམ་དུ་ཁྲིམས་བསྟར་བྱེད་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པ་ལི་ཝེ་ཡིས་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བར་མེ་གསོད་ལག་ཆ་གཡར་ནས་མང་ཚོགས་དང་མཉམ་དུ་མེ་གསོད་བྱས།

སྲིད་ཇུས།

  • ཨན་ཧུའེ་ཡིས་བྱེད་ཐབས་བཏོན་ནས། ༢༠༢༣ལོར། སྲན་ཆེན་དང་མ་རྨོས་ལོ་ཏོག་གི་འདེབས་འཛུགས་ལ་མུའུ་རེར་སྒོར༥༠ཡི་ཁ་གསབ་སྟེར་རྒྱུ།

  • ཧུའུ་པེ་ཡིས་གསལ་བོར་བསྟན་དོན། ཆ་རྐྱེན་འཛོམས་པའི་ཟད་གྲོན་ཧ་ཅང་ཆུང་བའི་འཛུགས་སྐྲུན་མ་དཔེ་དང་། སྤྱི་པའི་འཛུགས་སྐྲུན་གྱི་ནུས་གྲོན་བཅོས་སྒྱུར་སོགས་ཀྱི་རྣམ་གྲངས་ལ་ཁ་གསབ་སྟེར་རྒྱུ།

འཚོ་བའི་དྲན་སྐུལ།

  • དེ་རིང་གནམ་གཤིས། ནང་སོག་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཞོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོས་ཀྲིག་གི་གཞོང་ཆེ་སའི་ས་ཆ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་དང་། དེའི་ནང་། ཧུའུ་ནན་གྱི་དབུས་ཁུལ་སོགས་ཀྱི་ས་ཆ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་རེད།

7.jpg


མཉམ་སྤྱོད།