དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད། ཤ་བོ་སྐྱབས་དང་མཱ་ཝེ་ཧྲིན་ཚོགས་འདུར་སླེབས་ནས་གསུང་བཤད་གནང་།

2023-03-11 11:04:57   |   145

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


   1.jpg

    ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་།  མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་མཱ་ཝེ་ཧྲིན་མིང་རྟགས་འགོད་པའི་མཛད་སྒོར་སླེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་མཛད་སྒོར་ཞུགས་ལ།  ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་གིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་།    

2.jpg

     ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་ཐུགས་ཁུར་དང་རོགས་རམ། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དུས་ཡུན་རིང་བོའི་ནང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་མི་གཞི་ཀུན་སྤྱོད་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཡོད་ལ། དུས་ཡུན་རིང་པོའི་འཐབ་ཇུས་མཉམ་ལས་བྱེད་རིང་མཚོ་བྱང་དང་མཚོ་སྔོན་མི་རིགས་སློབ་ཆེན་བར་སྤུན་ཟླའི་བརྩེ་དུང་ཟབ་མོ་ཆགས་ཡོད། མཚོ་བྱང་ནི་རྒྱབ་ཕྱོགས་མདོ་ལ་རིང་མོ་དང་མདུན་ངོས་མཚོ་སྔོན་པོར་ཕྱོགས་ཡོད་པས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པ། རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་ལ། རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ལྟ་བུའི་ས་གནས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བསྐྲུན་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་གདམ་ག་ཞིག་ཡིན་ཞེས་བསྟན།

3.jpg

   ཤ་བོ་སྐྱབས་ཀྱིས་ཐེངས་འདིར་རྒྱལ་ཁའི་ངང་གན་རྒྱ་བཞག་པ་ནི་ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མགོ་འཛུགས་ས་གསར་བ་ཞིག་ཡིན། ཕྱོགས་གཉིས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་དང་རྨང་གཞིའི་སློབ་གསོ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས་མཚོ་བྱང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སློབ་ཆེན་སློབ་མའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་དངོས་སྦྱོང་རྟེན་གཞི་བཙུགས་ཏེ་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་གསར་བརྗེའི་གསར་གཏོད་འགྲན་སྡུར་སྤེལ་རྒྱུའི་རེ་བ་ཡོད། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཡུལ་སྐོར་དང་རྩོམ་རིག་གསར་འགྱུར། རོལ་དབྱངས། ས་ཤིང་དང་འགྲིམ་འགྲུལ་སོགས་ཐད་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ནས་ཡུལ་སྐོར་འཆར་འགོད་བཟོ་བ་དང“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་སྤུས་ཚད་མཐོ་བའི་མཛེས་ལྗོངས་ཁུལ་གཏོད་པ། རིག་གནས་ཡུལ་སྐོར་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་། ལོ་རྒྱུས་རིག་གནས་ཤུལ་བཞག་དང་གནའ་བོའི་འཛུགས་སྐྲུན་རྒྱུན་འཛིན་དང་སྲུང་སྐྱོང་།  དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་དང་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། ནུབ་མཚོ་གྲོང་རྡལ་གསར་བརྗེའི་གྲོང་རྡལ་ཆུང་ངུ་བཅས་གཏོད་པ། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་གཉེར་བ་སོགས་ཀྱི་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་མང་པོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཛུབ་ཁྲིད་ལ་ཤུགས་བསྣན་ནས་སློབ་གྲྭ་དང་མཚོ་བྱང“ཕྱོགས་གཉིས་ནུས་ལྡན”གྱི་རྣམ་པ་གསར་བ་ཐུན་མོང་ཐོག་གཏོད་པ་དང་ཕྱོགས་གཉིས་ཀྱིས་གཉིས་ཕན་ཡོང་བའི་དཔེ་བཟང་གསར་བ་གཏོད་དགོས་པ་ནན་གྱིས་བསྟན། 

4.jpg

   མཱ་ཝེ་ཧྲིན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཉེར་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་བྱང་ཁུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཞིག་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཀྱི་བཙན་ས་དང་བསམ་པའི་བཙན་ས། ལོ་རྒྱུས་ཀྱི་བཙན་ས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཙན་ས་བཅས་ཡིན་པ་དང་། ལོ་མང་བོའི་རིང་། མི་རིགས་སློབ་ཆེན་གྱིས་མཚོ་བྱང་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་མཐོང་ཆེན་དང་གཅེས་སྤྲས་བྱས་པས་ཕྱོགས་གཉིས་པོར་ཁྱབ་ཁོངས་མང་པོའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པར་བསྟན།

5.jpg

     མཱ་ཝེ་ཧྲིན་གྱིས་ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལག་ལེན་ཞིབ་འཇུག་རྟེན་གཞི་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གསར་བརྗེའི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན། ཡུལ་སྐོར་རིག་གནས་ཐོན་ཁུངས་གསར་སྤེལ། ལས་བྱེད་ཤེས་ལྡན་པ་གསོ་སྐྱོང་། སློབ་མའི་དངོས་སྦྱོང་ལག་ལེན། དེ་བཞིན་ཚན་རིག་ཞིབ་འཇུག་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་ཁྱོན་ཡོངས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་བྱས་ཏེ། ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་རྒྱ་ཆེ་བའི་ནང་མཉམ་ལས་ཀྱི་གྲུབ་འབྲས་གསར་བ་དེ་བས་མང་བ་ཐོན་ངེས་ཡིན་པར་བསྟན། ཕྱོགས་གཉིས་ཀྱིས་དུས་བཀག་འབྲེལ་གཏུག་བྱ་བའི་ལམ་སྲོལ་བཙུགས་ནས། འབྲེལ་ཡོད་བྱ་བར་ཐུན་མོང་ཐོག་ཞིབ་འཇུག་དང་སྐུལ་འདེད་གཏོང་བ་དང་ཞིབ་ཕྲའི་བྱ་བར་སྒྲིག་གཞི་དང་འགན་འཁུར་བ་དམིགས་འཛུགས་བྱས་ཏེ་བྱ་བ་སོ་སོར་སྒྲིག་གཞིའི་འབྲེལ་སྦྱོར་ཡོད་པ་དང་སྡེ་ཁག་གིས་འགན་འཁུར་བ། མི་སྣས་སྐུལ་འདེད་བྱེད་པ་བཅས་མཉམ་ལས་ཀྱི་བྱ་བ་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཟེར།

6.jpg

   གན་རྒྱ་འཇོག་པའི་མཛད་སྒོའི་ཐོག མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ད་དུང་མཚོ་བྱང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་རྟེན་གཞིའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ལ། མཚོ་བྱང་ཁུལ་མདའ་བཞི་རྫོང་དང་རྐང་ཚ་རྫོང་། མདོ་ལ་རྫོང་བཅས་སུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་རྟེན་གཞི་བཙུགས།    

7.jpg

    དེའི་རིང་། མཚོ་སྔོན་མི་རིགས་སློབ་ཆེན་འཁོར་དང་བཅས་པས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་དང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་། མཚོ་སྔོན་པོ་སྐྱེ་ཁམས་རྟེན་རྫས་བཤམས་སྟོན་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་དེ་བཞིན་མཐོན་པོ་སྒང་མཁའ་དམག་གི་རྗེས་ཤུལ་བཅས་ལ་ཡུལ་དངོས་ནས་ལྟ་སྐོར་བྱས།    

    མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་སྒྲོལ་མ། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཡོན་ཀྲང་གཞོན་པ་མའོ་ཡུས་ཅིན། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲུང་དབྱི། མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ལིག་ཏུང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་སློབ་གླིང་དང་ཁྲུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་བཅས་མཛད་སྒོར་ཞུགས། 


མཉམ་སྤྱོད།