དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་རྐང་ཚ་དང་མདོ་ལའི་འཐབ་ས་དང་པོར་བསྐྱོད་དེ་གཞི་རིམ་གྱི་རྨང་གཞིའི་བྱ་བར་བརྟག་ཞིབ་གནང་།

2023-03-11 11:28:22   |   177

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


    ཟླ3པའི་ཚེས9ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”དང་འཐབ་ས་དང་པོའི་བྱ་བ་སྒྲུབ་སྟངས་བེད་སྤྱད་ནས་སྔ་རྗེས་སུ་རྐང་ཚ་དང་མདོ་ལ་ས་ཁུལ་གཉིས་སུ་བསྐྱོད་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་མི་རིགས་ཆོས་ལུགས། སྡེ་བའི་མཉམ་སྡེབ་དཔལ་འབྱོར། ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་བྱ་བ་སྒྲུབ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས།    

1.jpg

    མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ཏང་ཨུའི་སྲིད་གཞུང་དུ།     ཤ་བོ་སྐྱབས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་།  ཡུལ་དངོས་ནས་ཞང་དང་གྲོང་རྡལ་གྱི “བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན་བྱས་ཚུལ་དང་དེ་བཞིན་གཤམ་རྩ་དམར་ལྡང་སྡེ་བ་དང་། ར་གདོང་སྡེ་བའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་ཆུ་གྲང་ཉ་གསོ་སྤེལ་ཐོན་ལས་གོང་སྤེལ། གྲོང་གསེབ་ཡུལ་སྐོར་གསར་གཏོད། སྤྱི་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་རྗེས། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་མཐའ་འཁོར་ས་ཁུལ་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་མང་ཙམ་བྱས་ཏེ། སྡེ་བས་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་མང་ཚོགས་ལ་རྒྱུན་མཐུད་སྒོས་ཡོང་སྒོ་འཕར་དུ་འཇུག་རྒྱུར་སྐུལ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན།    

2.jpg

   མདོ་ལ་རྫོང་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དང་། ར་གདོང་འགག་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ཐད་ཤ་བོ་སྐྱབས་ཀྱིས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དང་། རྣམ་གྲངས་ཇུས་འགོད་བཀོད་སྒྲིག བྱེད་ནུས་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཡུལ་དངོས་ནས་འབྲེལ་ཡོད་འགན་འཁུར་བའི་སྙན་ཞུར་མཉན། ཁོང་གིས་འབྲེལ་ཡོད་སྡེ་ཁག་དང་གསར་སྤེལ་ཁེ་ལས་ཀྱིས་མཛེས་ལྗོངས་ཁུལ་གྱི་འཆར་འགོད་ལག་བསྟར་ནན་མོ་བྱས་ཏེ་ཨར་ལས་ཀྱི་བདེ་འཇགས་འགན་ལེན་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས།  རིག་གནས་ཀྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སི་ཁྲོན་རྔ་བ་དང་དཀར་མཛེས་སོགས་ཡུལ་སྐོར་སྔོན་བསྐྱོད་ཁུལ་གྱི་ཚོང་གཉེར་འདུ་ཤེས་ལ་སློབ་སྦྱོང་བྱས་ཏེ། གསར་བརྗེའི་རིག་གནས་དང་། དམངས་ཁྲོད་རིག་གནས། མི་རིགས་རིག་གནས། སྐྱེ་ཁམས་རིག་གནས་བཅས་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱས་ཏེ་མཛེས་ལྗོངས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་དང་ཟུང་འབྲེལ་གྱིས་རྟ་རྒྱུག་དང་། ལྕགས་རྟ་བཞོན་པ། རྐང་བགྲོད། མདའ་འཕེན་བཅས་ཀྱི་འགྲན་བསྡུར་བྱེད་སྒོ་ཁག་བཞི་ཡག་པོར་སྤེལ་ནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མི་དེ་བས་མང་བ་མདོ་ལར་བསྐྱོད་པ་དང་མདོ་ལར་རྒྱུས་ལོན་ཡོད་པ། མདོ་ལ་དྲིལ་སྒྲོག་བྱེད་པ་བཅས་བྱེད་དགོས་པ་ནན་གྱིས་བསྟན།   

3.jpg

   མདོ་ལ་རྫོང་སྟོང་སོ་ཆེ་བའི་ཐོན་ལས་གླིང་གི་ཁེ་ལས་ཆུང་འབྲིང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ། ཤ་བོ་སྐྱབས་ཀྱིས་ལྟེ་གནས་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་རྒྱུས་ལོན་དང་དྲ་རྒྱའི་ཐད་གཏོང་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་འབྲེལ་ཐད་གཏོང་དངོས་ཟོག་འཚོང་མཁན་དང་གླེང་མོལ་བྱས་ནས་ཡོང་འབབ་དང་སྐུར་ཡུལ། བྲིན་ཆེ་བའི་ཐོན་རྫས་སོགས་ལ་འདྲི་རྩད་བྱས། ཁོང་གིས་མདོ་ལའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་ཕྱིར་འཚོང་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་དྲ་ཐོག་ཚོང་དོན་གྱི་རྣམ་པ་གསར་བས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་དགོས་པ་དང་། ཐད་གཏོང་ཟོག་འདྲེན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་པ་གསོ་སྐྱོང་དང་རྩལ་ནུས་གསོ་སྦྱོང་། སྒྲིག་ཆས་རྒྱབ་སྐྱོར་སོགས་ཀྱི་ཐད་གཙོ་གནད་ཐོག་ཤུགས་སྣོན་པ་དང་། “ཉེ་འགྲམ་གྱི་དྲ་གྲགས”དང་ས་གནས་དེ་གའི་ཐད་གཏོང་ཟོག་འདྲེན་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུར་དོ་སྣང་བྱས་ཏེ་ཐད་གཏོང་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

4.jpg

    རྐང་ཚ་རྫོང་གསེར་ལྡེའུ་དགོན་དང་མདོ་ལ་རྫོང་ཨ་རིག་དགོན་ཆེན། ཀོང་པེ་ཝན་དབྱི་སི་ལན་ཆོས་ཁང་བཅས་སུ་ཤ་བོ་སྐྱབས་ཀྱིས་དགོན་སྡེའི་ལོ་རྒྱུས་དང་དགོན་སྡེའི་དོ་དམ། གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། དགོན་པས་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ། དགོན་པའི་འགན་འཁྲི་ལག་བསྟར་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཏང་གཅེས་རྒྱལ་གཅེས་དང་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲོལ་རྒྱུན་བཟང་བོ་མུ་མཐུད་དར་སྤེལ་གཏོང་དགོས་པ་དང་། “མཚོ་བྱང་སྨྱན་གསར”དང“གངས་ལྗོངས་འཕྲིན་གསར” “མཚོ་བྱང་རྒྱང་སྒྲོག་བརྙན་འཕྲིན་ཁང”སོགས་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་པ་བརྒྱུད་ཏང་གི་སྲིད་ཇུས་ལ་སློབ་སྦྱོང་མང་ཙམ་བྱེད་པ་དང་ཏང་གི་གསུང་སྒྲ་ལ་ཉན་ནས་དད་ལྡན་མང་ཚོགས་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དྲིལ་སྒྲོག་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་མང་ཚོགས་ལ་སེ་འབྲུ་ལྟར་དམ་པོར་སྦྲེལ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་བརྟན་བཅས་འགན་ལེན་བྱས་ནས་བརྟན་བརླིང་མཐུན་སྒྲིལ་གྱི་སྤྱི་ཚོགས་སྤྱི་ཡོངས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཤིང་། དགོན་སྡེའི་རང་ཁ་གསོ་བའི་ཐོན་ལས་སྐྱེད་སྲིང་ཡག་པོ་བྱས་ནས་གྲྭ་བཙུན་གྱིས་དངོས་སྤྱོད་རྩལ་ནུས་སློབ་སྦྱོང་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་ཐང་ག་བཞེངས་པ་དང་བོད་སྤོས་ཐོན་ལས། བོད་ལུགས་གསོ་རིག་སྨན་ཁང་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དགོན་སྡེའི་ཡོང་སྒོ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་ཁུར་བོ་ཡང་དུ་གཏོང་དགོས། ཁྲིམས་ལྟར་དགོན་པའི་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་དགོན་པའི་ནོར་དོན་དང་ཕྱི་རོལ་དུ་སློབ་སྦྱོང་བྱེད་པའི་གྲྭ་བཙུན་ལ་དོ་དམ་ཚད་ལྡན་བྱས་ཏེ། དོ་དམ་ལས་ཐར་བ་དང་དོ་དམ་ལས་ཤོར་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན།

5.jpg

     ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་ལྟ་སྐུལ་མཛུབ་ཁྲིད་ལ་ཕེབས་རོགས་གནང་། རྐང་ཚ་རྫོང་དང་མདོ་ལ་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སོ་སོར་ཕེབས་རོགས་གནང་།


མཉམ་སྤྱོད།