དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-03 08:58:27   |   907

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར2.31ཟིན་པ་དང་། ནགས་ཚལ་ཁེབས་ཚད 24.02%ཟིན་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། འདས་ཟིན་པའི་ལོ་བཅུའི་ནང་། ཀྲུང་གོའི་མཁའ་དབུགས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། PM2.5གར་ཚད་57%མར་ཆག་ཡོད། བསྟུད་མར་ལོ་བཅུར་མར་ཆག་པ་མངོན་འགྱུར་བྱུང་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེ་ཆར་བསམ་འཆར་པར་འགྲེམས་བྱས་ནས། གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣས་དུས་བཀག་ལྟར་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་གསུམ་གྱིས་བརྡ་ཐོ་བཏང་ནས།  ལས་ཤོར་འགན་བཅོལ་གྱི་གྲོན་ཚད་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། ལག་བསྟར་དུས་བཀག་དེ2024ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུ་རེད།

1.jpg

  • ཚེས2ཉིན། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིས(机构)མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་ཐོག་མར་སྤྲད་པ་དང་། བློ་མཐུན8487ལ་དྲན་གསོའི་རྟགས་མ་སྤྲད་པ་རེད།

  • བཟོ་འཕྲིན་པུས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཆག་ཡང་དང་། རྩ་ཆག་གཏོང་བ་སོགས་ཀྱི་རྒྱུན་མཐུད་གཟིགས་སྐྱོང་སྲིད་ཇུས་སྔ་ཙམ་ཞིབ་འཇུག་བྱས་ནས་ཁ་གསལ་བཟོས་ཏེ་། ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཐོན་ལས(先进制造业)ཀྱི་རྒྱལ་ཁབ་རིམ་པའི་ཁྱུ་ཚོགས(国家级集群)45ཡི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི20ལས་བརྒལ་ཡོད།

2.jpg

  • ཚེས2ཉིན། ཐེན་ལུང་ཨང་གཉིས་པའི(天龙二号)རྒྱང་རིང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་པོ་དེ(遥一运载火箭)ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཐེངས་དང་པོར་བདེ་བླག་ངང་འཕེན་གཏོང་བྱས། དེས་སྐྱེལ་འདྲེན་བྱས་པའི་བར་སྣང་སྟོང་བའི(太空)ཚན་རིག་རྟགས་ཅན་གྱི་སྲུང་སྐར་དེ་སྔོན་དུ་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱལ་བ་རེད།

  • པར་ཙིར་ཀྲུང་དབྱང་དངུལ་ཁང་གིས་དམངས་སྒོར་དེ་ཡོ་སྒོར(欧元)ལས་བརྒལ་ནས་རྒྱལ་ཁབ་དེའི་རྒྱལ་སྤྱིའི་གསོག་འཇོག་དངུལ་ལོར་ཆེ་གྲས་གཉིས་པར་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས། 

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་དོན། དེ་རིང་། ཧོ་ནན་དང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཅང་ཤིས། ཀུའེ་ཀྲོའུ་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8-10ཡི་ཐོག་རླུང་ཆེན་པོའམ་སེར་བ་འབབ་པའི་གནམ་གཤིས་བྱུང་རྒྱུ་རེད། 

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་ཉེ་ཆར་ལས་དོན་གྱི་མཛུབ་ཁྲིད་པར་འགྲེམས་བྱས་ནས། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ(发明专利)ཞིབ་བཤེར་དུས་འཁོར་ཟླ16བར་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད།

  • འགག་གསུམ་ཚོགས་པས(三峡集团)གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཟོག་འདྲེན་སྤྱི་ཡོངས་ནས་སླར་གསོ་མགྱོགས་པོ་བྱུང་བ་དང་། ད་ལོའི་དུས་ཚིགས་དང་པོར་འགག་གསུམ་ལྟེ་བའི་ཆུ་ཐོག་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་མཛེས་བཟོ་དང་མཛེས་བཟོའི་རྒྱུ་ཆའི་ཐོན་རྫས(装饰装修材料产品)ཀྱི་སྤུས་ཚད་ལ་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར(国家监督抽查)བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་།  འཐེན་བཤེར་གྱི་ཚད་གཞི་ལོན་མེད་པའི་ཚད8.9%ཟིན་ཡོད།

  • ཧྲན་ཏུང་ཆིང་ཏའོ(山东青岛)རུ་གནས་པའི་རྒྱལ་ནང་གི་གཤེར་འགྱུར་རང་བྱུང་སོལ་རླངས་གསོག་འཇོག་སྣོད་ཀྱི་གྲུབ་ཆ་ཆེ་ཤོས(主体结构)ཚང་མ་ལེགས་གྲུབ་བྱུང་ནས་ད་ལོའི་ཟླ11པར་སྤྱོད་རྒྱུ་རེད།

3.jpg

  • ཚེས2ཉིན། ཀྲུང་གོའི་བདམས་ཐོན་པ་ཡུས་ཧན་ཡོ་ཡིས་འཛམ་གླིང་ན་གཞོན་གྱི་དོ་སྙོམས་ཤིང(平衡木)གི་འགྲན་བསྡུར་སྟེང་གསེར་གྱི་རྟགས་མ་བླངས་པ་རེད།

4.jpg

  • ཧོ་པེའི་ཏ་མེང(河北大名)དུ་ཐང་རྒྱལ་རབས་ཀྱི་ཤན་ཆེན་ལོ་རབས(显庆年间)ཀྱི་བང་སོའི་ལོ་རྒྱུས་ཤིག་ཤེས་རྟོགས་བྱུང་བ་དང་།  ད་བར་ལོ་ངོ1300ལྷག་ཙམ་སོང་ཡོད།

  • ཉིན་ཤས་གོང་། ཧྲན་ཤིས་ཅིན་ཁྲེང(山西晋城)ཉེན་རྟོག་ཕྱོགས་ཀྱིས་ས་མཚམས་སྒྲོལ་ནས་གཞུང་གི་རྩིས་ཐོ(对公账号)ལྐོག་ཚོང་བྱེད་མཁན་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས། ཉེས་གསོག་དོགས་ཅན6བཟུང་བ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར3.7ཟིན་ཡོད།

5.gif

  • ཀྲེ་ཅང་ཝུན་ཀྲོའུ(浙江温州)ཡི་བྱིས་པ་ཞིག་ཆུ་ནང་དུ་ལྷུང་བ་དང་། ལམ་བར་དུ་ཡོད་པའི་པུའུ་ཀྲི་ཕུན་མཐོ་ཚད་སྨི2ཡོད་པའི་ཆུ་རགས་ནས་མར་ལྡིང་ཞིང་། ཞེང་ཚད་ལ་སྨི60ཡོད་པའི་གྲམ་ཐང་བརྒྱུད་དེ་བུ་ཆུང་དེ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་པར་འགྲེམས་བྱས་ནས་ཕྱི་རྒྱལ་དུ་ཉུང་ཞིང་དཀོན་པའི་འཕྲོད་བསྟེན་ཆེད་ལས་ལག་རྩལ་སློབ་སྦྱོང་བྱེད་པའི་མི་སྣར་སློབ་རྒྱུས་དང་། བསླབ་རིམ། ལོ་ཚད་སོགས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ལྷུག་ཏུ་འོས་འཚམ་བཏང་ནས་མཐོ་རིམ་གོ་མིང་དམིགས་བསལ་གྱིས་རེ་ཞུ་བྱེད་ཆོག

  • ཅང་ཤིས་ཀྱིས་བརྡ་ཐོ་བཏང་ནས་སྔོན་གཤེགས་དཔའ་བོའི་བུ་ཕྲུག་དང་རང་བརྟེན་ལས་ཞུགས་བྱེད་མཁན་གྱི་རུ་འཁྱུར་དམག་མི་སོགས་རྒྱུགས་སྤྲོད་སློབ་མ་རིགས5ཡིས2023ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པ་ཁ་གསལ་བཟོས་ཡོད།

  • སི་ཁྲོན་གྱི་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ། མི་སྤྱོད་ལས་ཁུངས་ཀྱིས་ལོ་ལྟར་བུད་མེད་ལས་བཟོ་བའི་མོ་ནད་ལ་ཡོངས་བཤེར་ཐེངས་རེ་བྱེད་དགོས་པ་དང་། དུས་བཀག་ལྟར་ནུ་མའི་འབྲས་སྐྲན་དང་མངལ་སྐེའི་འབྲས་སྐྲན་གྲལ་བཤེར་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་དབུས་ཤར་རྒྱུད་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས། ནུབ་བྱང་ས་ཁུལ་གྱི་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། ཧྭ་བྱང་གི་ནུབ་རྒྱུད་དང་། ཧོང་ཧོའེ་ཡི་ནུབ་རྒྱུད། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད།

6.jpg

  • ཕྱིར་སྐྱོད། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་རིན་བསྡུའི་གཞུང་ལམ་གྱིས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཤར་བགྲོད་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད།

  • ཧྲན་ཏུང་། 2023ལོའི་སྤྱིར་བཏང་གི་ཆེད་ལས་ནས་དངོས་གཞིར་འཕར་བའི་ཡིག་རྒྱུགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཡུན་དེ་ཚེས4ཉིན་གྱི་ཆུ་ཚོད17བར་ཡིན།


མཉམ་སྤྱོད།