དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་ཟེར།

2024-10-10 10:57:48   |   343

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་ཞེས་པ་ནི་དུས་ཡུན་ཤིན་ཏུ་རིང་བ། དམིགས་བསལ། རྒྱལ་བུན་བཅས་གནད་ཚིག་གསུམ་གྱིས་གྲུབ་པ་ཡིན།  

  • དུས་ཡུན་ཤིན་ཏུ་རིང་བ་ཞེས་པ་ནི་དུས་ཡུན་ལ་གོ་ཞིང་། བུན་འཛིན་ཁྲོམ་རའི་ཐོག་སྤྱིར་ན་འགྲེམ་སྤེལ་བྱེད་ཡུན་ལོ10ཡན་ཟིན་པའི་སྐྱེད་ཁའི་བུ་ལོན་ལ་“དུས་ཡུན་ཤིན་ཏུ་རིང་བའི་བུན་འཛིན་”ཟེར། སྤྱིར་བཏང་གི་རྒྱལ་བུན་དང་བསྡུར་ན།  དུས་ཡུན་ཤིན་ཏུ་རིང་བའི་བུན་འཛིན་གྱིས་དུས་ཡུན་ཐུང་བའི་ནང་བུ་ལོན་འཇལ་བའི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་དང་། དུས་ཚོད་ལ་བརྟེན་ནས་བར་སྟོང་བརྗེ་ཐུབ།     

  • དམིགས་བསལ་ཞེས་པ་ནི་མ་དངུལ་གྱི་སྤྱོད་སྒོའི་དམིགས་བསལ་རང་བཞིན་ལ་གོ་ཞིང་། དེ་ནི་གཏན་འཁེལ་བྱས་ཟིན་པའི་དམིགས་ཡུལ་ཞིག་གི་ཆེད་དུ་འགྲེམ་སྤེལ་བྱས་པ་ཡིན་པས། སྤྱོད་སྒོ་ཁ་གསལ་ཡོད་པའི་རྒྱལ་བུན་ཞིག་ཡིན་ལ། མ་དངུལ་རྣམས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུར་གཞིགས་ན།    ད་ཐེངས་བཏོན་པའི་དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་ནི་“རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ཀྱི་རྣམ་གྲངས་གལ་ཆེན་ཁག་ཅིག་གི་འཛུགས་སྐྲུན་མ་དངུལ་གྱི་གནད་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཆེད”ཡིན་པ་དང་། “རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་པར་ཆེད་དུ་སྤྱོད་རྒྱུ་”མ་ཟད།   “ད་ལོར་སྔོན་ལ་སྒོར་དུང་ཕྱུར་ཁྲི1འགྲེམ་སྤེལ་བྱ་རྒྱུ་ཡིན།” དེའི་དམིགས་ཡུལ་ནི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།     

  • རྒྱལ་བུན་ནི་རྒྱལ་ཁབ་ཀྱིས་ནོར་སྲིད་ཀྱི་མ་དངུལ་གྲབས་གསོག་བྱེད་ཆེད་འགྲེམ་སྤེལ་བྱས་པའི་སྲིད་གཞུང་གི་བུན་འཛིན་ཞིག་ཡིན།    ཡིད་རྟོན་གྱི་ཚད་ཆེས་མཐོན་པོ་ལྡན་པས་ཀུན་གྱིས་ཁས་ལེན་པའི་ཆེས་བདེ་འཇགས་ཀྱི་མ་དངུལ་གཏོང་ཡུལ་ཞིག་ཡིན། དེར་བརྟེན་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། 


མཉམ་སྤྱོད།