དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གནམ་གྱི་ཁྲི་བདུན་ནི་གང་དག་ཡིན། དེ་ལྟར་ཐོགས་དོན་ཅི།

2025-04-16 10:37:08   |   330

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཤེས་བྱ་དྲིས་བརྒྱ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


རྗེ་གཉའ་ཁྲི་བཙན་པོ་ནས་གདུང་རབས་བདུན་གྱི་བར་ལ་གནམ་གྱི་ཁྲི་བདུན་ཞེས་འབོད་ཅིང་། ཁྲི་བདུན་གྱི་ཕྱི་མ་དྲུག་གི་མཚན་ལ་མུ་ཁྲི་བཙན་པོ་དང་། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ་ཟེར་བ་སོ་སོའི་ཡུམ་གྱི་མཚན་ཟུར་ལས་གསོལ་བར་གྲགས། གནམ་གྱི་ཁྲི་བདུན་ཞེས་པའི་དོན་ནི། སྲས་ཀྱིས་ཆིབས་ཁ་ཐུབ་པར་གྱུར་པ་ན། ཡབ་རྣམས་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས། སྤུར་མེད་འཇའ་ཚོན་ཡལ་བ་ལྟར་འགྲོ་བས། མིང་ཡང་དེ་ལྟར་ཐོགས་པར་བོན་གྱི་བཤད་སྲོལ་ལོ། །


མཉམ་སྤྱོད།