དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྲ་རྒྱའི་བདེ་འཇགས་ཀྱི་རྒྱུན་ཤེས་བཅུ།

2025-09-22 15:52:26   |   315

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་དྲ་འཕྲིན་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.གློག་ཀླད་སྟེང་དྲ་དུག་སྒྲིག་རིམ་མི་ཡོང་བར་ཇི་ལྟར་འགོག་དགོས་སམ།

དྲ་དུག་སེལ་བའི་མཉེན་ཆས་དང་མི་སྒེར་གྱི་དུག་འགོག་དྲ་རགས་སྒྲིག་བཀོད་བྱེད་པར་མ་ཟད་དུས་ཐོག་ཏུ་རིམ་སྤོར་བྱ་དགོས། བདེ་འཇགས་རང་བཞིན་ཅུང་བཟང་བའི་བཤེར་ཆས་དང་གློག་རྡུལ་སྦྲག་ཡིག་སྒེར་སྤྱོད་ལག་ཆ་བེད་སྤྱོད་པར་བསམ་བློ་བཏང་ཆོག ཡོང་ཁུངས་གསལ་པོ་མིན་པའི་མཉེན་ཆས་གང་ཡང་སྤྱོད་མི་རུང་། ཆ་རྒྱུས་མེད་པའི་སྦྲག་ཡིག་ལ་དུག་སེལ་བྱས་རྗེས་གཞི་ནས་སྦྲག་ཡིག་ནང་གི་ཟུར་བཀོད་ཡིག་ཆ་ཕབ་ལེན་བྱ་དགོས། རྒྱུན་དུ་མ་ལག་རིམ་སྤར་དང་དྲ་དུག་མཛོད་གསར་སྒྱུར་བྱ་དགོས། དགོས་ངེས་མེད་པའི་དྲ་ཚིགས་སྒྲིག་སྦྱོར་མི་བྱ་ཞིང་། དུས་བཅད་ལྟར་དུག་སེལ་མཉེན་ཆས་བཀོལ་ནས་གློག་ཀླད་ཀྱི་དྲ་དུག་སེལ་བ་དང་ཞིབ་བཤེར་བྱ་དགོས།

2.རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མི་སྒེར་གྱི་ཆ་འཕྲིན་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་སམ།

སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་རིགས་ཀྱི་མཉེན་ཆས་ཐོག་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ། ལམ་ཡིག འདྲ་པར། ཉིན་རེའི་ལས་རིམ། འགྲོ་སྡོད་སོགས་ཡོངས་བསྒྲགས་བྱ་མི་རུང་བ་དང་། དཔེ་མཛོད་ཁང་དང་པར་འདེབས་ཁང་སོགས་སྤྱི་པའི་གནས་ཡུལ་དུའམ་ཡང་ན་མི་གཞན་གྱི་ལག་འཁྱེར་ཁ་པར་སྤྱད་ནས་ཐོ་འགོད་ཨང་གྲངས་ཐོ་འགོད་བྱེད་སྐབས་རང་འགུལ་ངང་གསང་ཨང་ཉར་ཚགས་བྱེད་པ་འདེམས་མི་རུང་བ་དང་། ཁ་བྲལ་སྐབས་ཐོ་འགོད་ཨང་གྲངས་ནས་ཕྱིར་འཐེན་བྱ་དགོས། རྒྱུན་སྤྱོད་དྲ་ཚོང་ཁང་ནསAPPཕབ་ལེན་བྱེད་སྐབས་རྒྱུས་ལོན་མེད་པའམ་སྐད་གྲགས་མེད་པའི་དྲ་ངོས་ནསAPPཕབ་ལེན་བྱ་མི་རུང་། བརྟག་དཔྱད་འདྲི་ཤོག་འབྲི་བ་དང་རྩ་གཉིས་ཨང་རྟགས་ཞིབ་བཤེར་ཐོ་འགོད་བྱེད་སྐབས་མི་སྒེར་གྱི་ཆ་འཕྲིན་ངོ་མ་སྤྱོད་མི་རུང་།

3.མི་སྒེར་གྱི་ཆ་འཕྲིན་ཕྱི་ལ་ཤོར་བར་སྔོན་འགོག་བྱེད་པར་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།

མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་མི་སྒེར་གྱི་ཆ་འཕྲིན་དག་འབྲེལ་མེད་ཀྱི་མི་སྣར་སྤྲོད་མི་རུང་བ་དང་མྱུར་སྐྱེལ་བྱང་ཐོ་དང་སྤ་སེ། ཉོ་སྒྲུབ་སྤ་སེ་སོགས་མི་སྒེར་གྱི་ཆ་འཕྲིན་ཚུད་པའི་འཛིན་ཤོག་ཐག་གཅོད་འོས་འཚམ་བྱེད་པ་དང་། མི་སྒེར་གྱི་གློག་རྡུལ་ཡིག་སྒམ་དང་དྲ་རྒྱའི་གཏོང་སྤྲོད། དངུལ་ཁང་གི་བྱང་བུ་སོགས་ཀྱི་གསང་གྲངས་ལ་ཁྱད་པར་ཡོད་དགོས།

4.མྱུར་སྐྱེལ་ལེན་སྐབས་མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་ཤོར་བར་ཇི་ལྟར་བྱ་དགོས་སམ།

མི་སྒེར་གྱི་ཆ་འཕྲིན་ཚང་མ་མྱུར་སྐྱེལ་ཤོག་བྱང་ཐོག་བསྐུར་གྱི་ཡོད་པས། མྱུར་སྐྱེལ་སྒམ་དང་མཉམ་དུ་སྙིགས་སྒམ་ནང་འཕངས་པའམ་ཡང་ན་མྱུར་སྐྱེལ་བྱང་ཐོ་བཀོག་སྟེ་གད་སྙིགས་རིགས་དབྱེ་སྒམ་ནང་དུ་འཕངས་རུང་མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་སྲིད། དེར་བརྟེན་མྱུར་སྐྱེལ་སྒམ་ནང་གི་རྩིས་ཐོ་མེད་པར་བཟོ་དགོས།

5.ཐོ་འགོད་སྐབས་མི་སྒེར་གྱི་ཆ་འཕྲིན(མིང་དང་སྐྱེས་པའི་ལོ་ཟླ་སོགས)བཀོལ་ནས་གློག་རྡུལ་ཡིག་སྒམ་གྱི་ས་གནས་སམ་བཀོལ་མཁན་གྱི་མིང་བྱས་ན་ཆོག་གམ།

ཐོ་འགོད་བྱེད་སྐབས་གང་ཐུབ་ཀྱིས་མི་སྒེར་གྱི་ཆ་འཕྲིན(མིང་དང་སྐྱེས་པའི་ལོ་ཟླ་སོགས)དེ་གློག་རྡུལ་ཡིག་སྒམ་གྱི་ས་གནས་སམ་ཡང་ན་སྤྱོད་མཁན་གྱི་མིང་དུ་མི་སྤྱོད་པར་བྱ་དགོས། དེ་ལྟར་མ་བྱས་ཚེ་ཆ་འཕྲིན་བརྐུ་སླ་བ་ཡིན།

6.དྲ་ཐོག་ཏུ་སྤྱོད་མཁན་གྱི་གསང་གྲངས་འགོད་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།

ཕྲེང་བསྟར་གྲངས་ཀ་དང་གསལ་བྱེད་ཡི་གེ། རང་ཉིད་དམ་ཕ་མའི་སྐྱེས་སྐར་སོགས་ནི་ཚོད་དཔག་བྱེད་སླ་བའམ་ཡང་ན་ཆ་འཕྲིན་ཐོབ་སླ་བས།གལ་ཏེ་སྐྱེས་སྐར་དེ་གསང་གྲངས་བྱས་ན་ཉེན་ཁ་ཧ་ཅང་ཆེ། གལ་ཏེ་རྩིས་ཨང་ཚང་མར་གསང་ཨང་སྣ་གཅིག་སྤྱད་ཚེ། གསང་གྲངས་བོར་སོང་ན་གྱོང་གུན་ཆེན་པོ་བཟོ་སྲིད། དེའི་ཕྱིར་རྒྱུ་ནོར་དང་གཏོང་སྤྲོད་རིགས་ཀྱི་ཐོ་ཁོངས་ཀྱི་གསང་གྲངས་ལ་སྒྲིག་རིམ་མཐོ་བའི་གསང་གྲངས་སྤྱོད་དགོས།

7.འཚོལ་བཤེར་རྩད་གཅོད་བྱེད་པར་སྔོན་འགོག་ཇི་ལྟར་བྱ་དགོས་སམ།

བཤེར་ཆསCookieགཙང་སེལ་བྱེད་ཆོག་པའམ་ཡང་ནCookieཁས་མི་ལེན་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་འཚོལ་བཤེར་ལ་ཞིབ་བཤེར་བྱ་དགོས།

8.APPགསར་པ་འཇུག་སྐབས་གསང་བའི་སྲིད་ཇུས་གསལ་འདེབས་བྱས་རྗེས་ཅི་ཞིག་ལ་མཉམ་འཇོག་དགོས་སམ།

བདེ་འཇགས་དྲ་ཚིགས་སུ་དཔྱད་ཡིག་ཆ་འཕྲིན་ལ་ལྟ་དགོས། ཆ་རྒྱུས་མེད་པའི་སྦྲག་ཡིག་ལ་དུག་སེལ་བྱས་རྗེས་གཞི་ནས་སྦྲག་ཡིག་ནང་གི་ཟུར་བཀོད་ཡིག་ཆ་ཕབ་ལེན་བྱ་དགོས། ཐོན་ཁུངས་ཕབ་ལེན་བྱེད་སྐབས། བདེ་འཇགས་རང་བཞིན་ཅུང་མཐོ་བའི་སླད་མེད་དྲ་ཚིགས་བཀོལ་དགོས།

9.ད་ལྟ་རོལ་རྩེད་བྱེད་སྐབས་ནར་མ་སོན་པའི་མི་དེར་གཡེང་ཞུགས་པར་སྔོན་འགོག་བྱེད་པའི་ལམ་སྲོལ་བཙུགས་ཡོད་ལ། རྒྱུན་དུ་སྤྱོད་མཁན་གྱིས་དངོས་མིང་ཐོག་ནས་ར་སྤྲོད་བྱས་ཏེ་རང་མིང་ངོ་མ་འགོད་པའི་ཆ་འཕྲིན་འབྲི་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།

རོལ་རྩེད་ཁག་གཅིག་གིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་པ་དཔེར་ན། ཁྱིམ་ཚང་གི་སྡོད་གནས་དང་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར། ལག་ཁྱེར་ཁ་པར་གྱི་ཨང་གྲངས་སོགས་ཀྱི་ཐོག་ནས་མིང་ངོ་མ་འགོད་པའི་ཆ་འཕྲིན་ཞིབ་ཚགས་ངང་ལྟ་ཀློག་བྱེད་པ་དང་། དགོས་ངེས་ཀྱི་མིང་ངོ་མ་འགོད་པའི་ཆ་འཕྲིན་ཁོ་ན་ལས་རོལ་རྩེད་ཉམས་ལེན་བྱ་ཆེད་མི་སྒེར་གྱི་ཆ་འཕྲིན་སྣང་མེད་དུ་འཇོག་མི་རུང་།

10.APPདང་འབྲེལ་བའི་སྒོར་མོ་བཙལ་བའི་ཕན་བདེའི་བྱ་འགུལ་གྱི་ཤོག་ཆག་ལེན་ཁག་པའི་རྒྱུ་མཚན་ཅི་ཡིན་ནམ།

“དངུལ་གསོག”པའིAPPརིགས་གང་མང་གིས་གསར་འགྱུར་དང་བརྙན་འཕྲིན། རོལ་རྩེད་སོགས་རྩེས་ནས་དངུལ་གསོག་པའི་ཐབས་ལ་བརྟེན་ནས་ཐོ་འགོད་བྱེད་དུ་འཇུག་གི་ཡོད། དེའི་རྒྱབ་ཀྱི་རྒྱུ་རྐྱེན་ནི་དྲ་བའི་རྒྱུག་གོང་ཇེ་མཐོར་འགྲོ་བཞིན་ཡོད་ལ། གཅིག་སྡུད་ཀྱི་ལྟ་ཀློག་བྱེད་ཚད་དང་ཐོལ་བྱུང་རང་བཞིན་གྱི་ཐོན་རྫས་སུ་གྲུབ་དཀའ་བས་ཡིན། ཁུག་དམར་ལེན་དཀའ་བ་གནད་ཆེ་རུ་གཏོང་བ་བརྒྱུད་དེ་འཛད་སྤྱོད་པའི་ལེགས་སྐྱེས་འབུལ་ཚད་དང་ལྟ་ཀློག་བྱེད་ཚད་བཙན་བརྒལ་བྱེད་དུ་འཇུག་བཞིན་ཡོད།


མཉམ་སྤྱོད།