དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་ཏོག་འདི་མ་བཟས་ན་དགའ།

2025-11-18 15:29:10   |   9

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


མིག་སྔར། ཤིང་ཏོག་ཡིའུ་ཙི་ཡི་རིགས་མང་པོ་ཞིག་ཁྲོམ་རར་འདོན་བཞིན་པ་དང་། དེའི་བྲོ་བ་ཞིམ་ཞིང་དྲི་ངད་དྭངས་བ། མཐོང་པ་ཙམ་གྱིས་ཟ་འདོད་ཀྱི་བློ་ཆེན་པོ་སྐྱེ་ཡི་ཡོད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་སྨན་རྫས་ཁ་ཤས་བསྟེན་པའི་སྐབས་སུ་ཤིང་ཏོག་ཡིའུ་ཙི་བཟས་ཚེ། སྨན་གྱི་ནུས་པ་ཚོད་འཛིན་མི་ཐུབ་པ་དང་། ཐ་ན་བདེ་ཐང་ལའང་ཉེན་ཁ་ཚབས་ཆེན་བཟོ་སྲིད།

图片1.png

སྨན་རྫས་གང་དག་ལ་ཤིང་ཏོག་ཡིའུ་ཙི་ཡི་ཤུགས་རྐྱེན་ཐེབས་སྲིད།

ཤིང་ཏོག་ཡིའུ་ཙི་ཡི་ནང་མིང་ལ་ཧྥུར་ནན་སྲན་རྒྱུ་ཟེར་བའི་གྲུབ་ཆ་ཞིག་ཡོད་ཅིང་། དེས་མཆིན་པའི་ནངCYP3A4རྩབས་ཀྱི་གྲུང་གཤིས་ལ་ཚོད་འཛིན་བྱེད་ཐུབ། འོན་ཀྱང་སྨན་རྫས་མང་པོ་ཞིག་རྩབས་འདི་རིགས་ལ་བརྟེན་ནས་རྙིང་ཚབ་གསར་བརྗེ་དང་དབྱེ་ཕྲལ་བྱེད་དགོས། རྩབས་དེ་ཚོད་འཛིན་བྱས་རྗེས་སྨན་རྫས་རྒྱུན་གཏན་ལྟར་འཇུ་མི་ཐུབ་་པ་དང་ཁྲག་གི་ནང་དུ་ལུས་ནས་ཇི་ཙམ་བསགས་ན་དེ་ཙམ་གྱིས་མང་དུ་འགྲོ་བས། ཚད་ལས་བརྒལ་བའི་སྨན་བསྟེན་པ་དང་མཚུངས་ཞིང་ཞོར་སྐྱོན་ཉེན་ཁ་རང་བཞིན་གྱིས་ཇེ་ཆེར་འགྲོ་བཞིན་ཡོད།

2.png

ཉིན་ལྟར་ཁྲག་ཤེད་གཅོག་པའི་སྨན་བསྟེན་མཁན་ཞིག་གིས་ཤིང་ཏོག་ཡིའུ་ཙི་བཟས་ན། ཁྲག་ཤེད་གཅོག་པའི་སྨན་གྱི་སྦྱོར་ཚད་མང་དུ་འགྲོ་བ་དང་ཁྲག་ཤེད་དམའ་རུ་འགྲོ་ཉེན་ཆེ། ནད་རྟགས་ཆུང་རིགས་སྐབས་མགོ་ཡུ་འཁོར་བ་དང་སེམས་འཚབ་པ། ཤུགས་ཟད་པའི་གནས་ཚུལ་ཐོན་སྲིད་ལ། ཚབས་ཆེ་སྐབས་མགོ་ཡུ་འཁོར་ནས་བརྒྱལ་བ་དང་ཐ་ན་དྲན་པ་འཐོར་བའི་ཉེན་ཁའང་འབྱུང་སྲིད། དེས་ན། ཁྲག་ཤེད་གཅོག་པའི་སྨན་མང་པོ་ཞིག་གི་གསལ་བཤད་ཡི་གེའི་ཐོག་སྨན་བསྟེན་རིང་ཤིང་ཏོག་ཡིའུ་ཙི་བཟའ་མི་རུང་བའམ་ཡིའུ་ཙི་ཡི་ཁུ་བ་འཐུང་མི་ཉན་ཞེས་བཀོད་ཡོད།

3.png

གཞན་ཡང་། རྒྱུན་མཐོང་གི་དུག་སྲིན་འགོག་སྨན་དང་ན་ཟུག་གཅོག་བྱེད་ཀྱི་སྨན། དམིགས་བསལ་གྱི་ནད་པས་བསྟེན་པའི་གཉིད་སྨན་དང་འབྲས་སྐྲན་འགོག་བྱེད་ཀྱི་སྨན་སོགས་ལའང་ཤུགས་རྐྱེན་ཐེབས་སྲིད། སྨན་རྫས་མི་འདྲ་བར་ཐེབས་པའི་ཤུགས་རྐྱེན་ཡང་མི་འདྲ་ཡི་མེད་པས་དོ་སྣང་གནང་བར་མཛོད།

图片4.png

མིག་སྔར། ཤིང་ཏོག་ཡིའུ་ཙིས་ཤུགས་རྐྱེན་ཐེབས་སྲིད་པའི་སྨན་རྫས་རིགས85ལས་བརྒལ་བ་ཤེས་རྟོགས་བྱུང་བ་མ་ཟད། དེའི་ཁྲོད་ཀྱི་ཕྱེད་ཀ་ལྷག་ལ་ཕལ་ཆེར་སྨན་ལོག་ཐེབས་པའི་སྣང་ཚུལ་ཚབས་ཆེན་ཐོན་སྲིད། གང་ལྟར་སྨན་དེ་དག་གི་མིང་ཐོ་ཆ་ཚང་ཞིག་མེད་ནའང་། ཤ་ཚའི་དྲན་སྐུལ་ཞུ་རྒྱུར། སྨན་བསྟེན་རིང་་། ཤིང་ཏོག་ཡིའུ་ཙི་རྩ་བ་ཉིད་ནས་མ་བཟས་ན་ཡག་ཤོས་ཡིན།


མཉམ་སྤྱོད།