དེ་རིང་ནི2026ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྩི་ཤིང་ལ་སྣ་ཡོད་དམ།

2026-03-16 09:32:47   |   29

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྩི་ཤིང་གི་ཞིང་ཁམས།  བཤེར་འབེབས། རིན་ཆེན་ཚེ་རིང་།


22.png

གྲོགས་པོ་ལགས། ཁྱོད་ལ་མི་དང་སྲོག་ཆགས་ལས་གཞན་ད་དུང་རྩི་ཤིང་ལའང་སྣ་ཡོད་ཅེས་བཤད་ན། དགོད་བྲོ་ཞིང་ཡ་མཚན་པ་ཞིག་ཨེ་རེད། དོན་དངོས་སུ་རྩི་ཤིང་ལའང་སྣ་ཡོད་དེ། རྩི་ཤིང་གི་སྣ་ནི་རྩི་ཤིང་དེ་ཉིད་ཀྱི་ལུས་ཧྲིལ་བོར་ཁྱབ་པའི་དབུགས་འབྱིན་རྔུབ་བྱེད་སའི་བུ་ག་གྲངས་མེད་པ་དེ་དག་ལ་ཟེར། བུ་ག་དེ་དག་ནི་ངང་ལག་གི་དབྱིབས་དང་འདྲ་བའི་ཕྲ་ཕུང་གི་གཉིས་ཀྱིས་འབྱེད་འཛུམ་གྱི་ལས་ཀ་བྱེད་བཞིན་ཡོད་པས། གནམ་ངོ་དྭངས་པའི་ཞོགས་པར་བུ་གའི་ཁ་འབྱེད་པ་དང་། ཉིན་གུང་ཅུང་ཟད་བཙུམ་པ། ཕྱི་དྲོ་སླར་ཡང་ཕྱེ་བ་དང་། སྲོད་དུས་ཡོངས་སུ་ཟུམ་པ་ཡིན། གནམ་ངོ་རུབ་དུས་བུ་ག་དེ་དག་གི་ཁ་འབྱེད་ཚད་ཆུང་ཞིང་། ཐན་པ་བྱུང་དུས་དེ་ལས་ཀྱང་ཆུང་བར་འགྱུར་ལ། རྩི་ཤིང་གིས་མཁའ་དབུགས་འབྱིན་རྔུབ་བྱེད་སྐབས། དབུགས་ཀྱི་དྭངས་མ་རྔུབ་པ་དང་། སྙིགས་མ་འབྱིན་པ་ཡིན་པས། བུ་ག་དེ་དག་འགགས་ན། རྩི་ཤིང་གི་སྐྱེ་སྟོབས་ལ་བར་ཆད་འབྱུང་ངེས་ཡིན།

0.png


མཉམ་སྤྱོད།