དེ་རིང་ནི2026ལོའི་ཟླ04པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དར་མའི་དུས་སུ་ཚོ་བྱང་དུ་བཅུག་ན་ཀླད་པར་གནོད་སྐྱོན་ཐེབས་སྲིད།

2026-04-13 08:40:55   |   161

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཚོ་འབུད་པ་ནི་ད་ལྟའི་འཛམ་གླིང་གི་མིའི་བདེ་ཐང་གི་འགྲན་སློང་ཚབས་ཆེ་ཤོས་ཤིག་ཡིན་ཞིང་། རྒྱུན་པར་ཚོ་བྱང་བར་སྐུལ་འདེད་བྱེད་པ་ནི་ལྗིད་ཚད་ལས་བརྒལ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་ཤིག་ཏུ་ངོས་འཛིན་བྱེད། འོན་ཀྱང་། ཚོ་བྱང་དུ་འཇུག་པའི་ཕན་འབྲས་ནི་ལོ་ན་ཇེ་ཆེར་འགྲོ་བ་དང་བསྟུན་ནས་འགྱུར་ལྡོག་འབྱུང་སྲིད། དར་མ་ལ་མཚོན་ན་ཚོ་བྱང་དུ་འཇུག་པ་དེས་ནམ་རྒྱུན་ན་གཞོན་ཚོའི་བདེ་ཐང་ལ་ཕན་ཐོགས་པ་དེ་ལྟ་བུ་ཞིག་ཡོང་མི་སྲིད་པ་དང་། གནས་ཚུལ་ཁ་ཤས་ཀྱི་ཁྲོད་དུ་ད་དུང་ཀླད་པའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། ཞིབ་འཇུག་ལས་མངོན་པ་ལྟར་ན། སྲོག་ཆགས་དར་མའི་ཁྲོད་དུ་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་སོང་བ་དེས་དོན་དངོས་སུ་ཟས་ཀྱི་ཡི་ག་དང་། ནུས་ཚད་དོ་མཉམ་ལ་འབྲེལ་བའི་ཀླད་ཆེན་གྱི་གཉན་ཚད་ཇེ་དྲག་ཏུ་གཏོང་བར་མ་ཟད། ཤེས་རྟོགས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་དབང་རྩ་ཕྱིར་བཀྱེད་རང་བཞིན་གྱི་ནད་རིགས་ལ་འབྲེལ་ཡོད།

图片1.png

"ང་ཚོའི་ཞིབ་འཇུག་གི་འབྲས་བུ་ལས་ཤེས་པ་ལྟར་ན། དར་མས་ཚོ་བྱང་དུ་འཇུག་པ་ནི་ལོ་ན་གཞོན་པའི་སྐབས་ཀྱི་ཚོ་བྱང་དུ་འཇུག་པའི་ཐབས་ཤེས་སྟབས་བདེ་བའི་ངང་འདྲ་བཟོ་བྱས་པ་ཞིག་མིན།"དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་དབྱི་སི་རལ་གྱི་པིན·ཀུའུ་ལི་ཨན་སློབ་ཆེན་གྱིAlon Zemerཡིས"ཚོ་བྱང་དུ་འཇུག་པ་ནི་ཚོན་པོ་རྣམས་ཀྱི་བརྗེ་ཚབ་བདེ་ཐང་སླར་གསོ་བྱེད་པའི་གནད་འགག་ཡིན་མོད། ང་ཚོས་ཚོ་བྱང་དུ་འཇུག་པ་དེས་དར་མའི་ཀླད་པར་ཐེབས་པའི་ཤུགས་རྐྱེན་ཤེས་རྟོགས་བྱ་དགོས་པར་མ་ཟད། ཀླད་པར་གནོད་འཚེ་མི་ཕོག་པར་འགན་ལེན་བྱ་དགོས”ཞེས་བཤད།

ཡང་དཔྱད་རྩོམ་གྱི་རྩོམ་པ་པོ་གཞན་པAlexandra Tsitrinaཡིས"ང་ཚོའི་ཞིབ་འཇུག་གིས་ཆ་རྡུལ་དང་གྲུབ་ཚུལ་ཕན་ཚུན་གསབ་རེས་བྱས་པ་ལ་བརྟེན་ནས། མིའི་ལུས་ཕུང་གིས་ལྗིད་ཚད་ཇེ་ཡང་དུ་གཏོང་བར་འཕྲོད་བསྟུན་རང་བཞིན་གྱི་ཚུར་སྣང་བྱེད་པ་དེ་ཞིབ་བརྗོད་བྱེད་ཅིང་། རྩེ་གྲའི་བརྙན་གྲུབ་འདི་རིགས་སྔོན་ཐོན་གྱི་ཕྲ་མཐོང་ཤེལ་ལག་རྩལ་དང་སྔོན་ཐོན་གྱི་པར་རིས་དབྱེ་ཞིབ། རྩིས་རྒྱག་དབྱེ་ཞིབ་བཅས་ལ་བརྟེན་ནས། བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་འགྱུར་ལྡོག་ཕྲ་མོ་བཤེར་འཇལ་བྱེད་ཐུབ"ཅེས་ཁ་གསབ་བྱས་པ་རེད།


མཉམ་སྤྱོད།