དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མངལ་གནས་སེམས་ཅན་ཆེས་ཆེར་འཕེལ་བའི་རྒྱུ་ཅི་ཡིན།

2025-06-05 08:48:34   |   80

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་ཀྱི་ལུས་རིམ་པར་ཆེ་ཆེར་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ནི་མངལ་དུ་གནས་པའི་སེམས་ཅན་རང་ཉིད་ཀྱི་ལྟེ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མའི་བུ་སྣོད་གཡས་གཡོན་དུ་རྩ་གཉིས་ཡོད་པ་དེའི་སྣེ་མངལ་གནས་ཀྱི་ལྟེ་བར་སྦྲེལ་ཡོད་ཅིང་། བུ་སྣོད་ཀྱི་རྩ་གཉིས་པོ་དེའང་གྱེན་ཕྱོགས་སུ་བསམ་བསེའུ་ཞེས་ལུས་ཟུངས་ཐམས་ཅད་ཀྱི་དྭངས་མའི་བཅུད་ཀྱི་ཡང་སྙིང་གསོག་པའི་སྣོད་དམ་རྟེན་དང་འབྲེལ་ནས་ཡོད་ཕྱིར། མའི་ཁ་ཟས་རྣམས་ཀྱི་དྭངས་མ་བདུན་པོ་རྒྱུན་མི་ཆད་པར་འབྱུང་བའི་ཐ་མ་བཅུད་ཆེན་པོ་དེ་ཉིད་བསམ་བསེའུ་ནས་རྩ་གཉིས་སུ་བརྒྱུད་དེ་མངལ་དུ་གནས་པའི་ལྟེ་བར་ཞུགས་པ་དེས་རིམ་གྱིས་མངལ་དུ་ལུས་རྣམ་པར་འཕེལ་བར་འགྱུར་བ་ཡིན་ཏེ། དཔེར་ན། ཆུ་རྒྱུན་ཤིན་ཏུ་ཕྲ་བ་རྣམས་བསགས་པའི་རྫིང་དང་འདྲ་བའི་བསམ་བསེའུ་ལས་ཡུ་བ་དང་འདྲ་བའི་རྩྭ་གཉིས་པོ་ནས་མངལ་གནས་ཀྱི་ལྟེ་བ་བརྒྱུད་དེ་ཞིང་དང་འདྲ་བའི་མངལ་གནས་སེམས་ཅན་དེའི་ཟུངས་སྟོབས་རིམ་བཞིན་ཆེས་ཆེར་འཕེལ་བར་འགྱུར་བ་ཡིན།


མཉམ་སྤྱོད།