དེ་རིང་ནི2025ལོའི་ཟླ06པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉི་ལྡོག་དང་ཟླ་བཤོལ་ཡོད་མེད་ཇི་ལྟར་བརྟག་པ་ཡིན།

2025-06-06 09:21:06   |   41

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


དགུན་ཉི་དཔྱིད་ར་སྟག་ལ་ལྡོག མགོ་ཡིས་ཉ་ནས་ཟླ་བཤོལ་མེད། དབྱར་ཉི་སྟོན་ར་སྤྲེའུར་ལྡོག སྣྲོན་གྱིས་ཉ་ན་ཟླ་བཤོལ་མེད། ཞིབ་པ་སྒང་བཤོལ་ཚིགས་དང་སྦྱར། ཞེས་པ་སྟེ། དགུན་ཉི་ལྡོག་པའི་ཟླ་བ་ནི་སྤྱིར་དཔྱིད་ཟླ་ར་བ་བཅུ་གཅིག་པ་སྟག་ཟླའི་ནང་ཡིན་ལ། ཟླ་བ་དེའི་ཚེས་བཅོ་ལྔའམ་ཉ་ལ་སྐར་མགོར་འཁེལ་བ་ཡིན་ན། ལོ་དེར་ཟླ་བཤོལ་མེད་ཅེས་དང་། དབྱར་ཉི་སྤྱིར་ཟླ་བ་ལྔ་པ་སྟེ་སྟོན་ཟླ་ར་བར་ལྡོག་ཅིང་། ཟླ་དེའི་ཚེས་བཅོ་ལྔའམ་ཉའི་དུས་ཟླ་སྐར་སྣྲོན་གྱིས་ནམ་བསྐྱལ་ན་ལོ་དེར་ཟླ་བཤོལ་མེད་ཅེས་པ་སོགས་གསུངས་ཀྱང་། ཟླ་བཤོལ་ཡོད་མེད་ཅེས་པ་ནི་། འདིའི་ནང་སྤྱིར་རགས་རྩིས་ཀྱི་དབང་དུ་བཤད་ནས་བརྗོད་པ་ཙམ་ལས་ཞིབ་པར་སྐར་རྩིས་ལས་ཉིན་ཚེས་ཁྱིམ་གསུམ་གྱི་བར་ཁྱད་ཀྱི་ཆ་བསགས་པ་ལས་བྱུང་བའམ་དུས་ཚིགས་སྐབས་ལས་སྒང་མེད་ཟླ་བ་ལྷག་པར་བཤོལ་ཅེས་དང་། རིགས་ལྡན་སྙིང་ཐིག་ལས། གནམ་སྟོང་དག་ལ་སྒང་ཤར་ན། ཟླ་བ་དེ་ཉིད་བརྩེགས་པ་ཡིན། ཚེས་གཅིག་སྒང་ཤར་ཕྱི་མ་བཤོལ། ཅེས་དང་། ཉི་སྣང་གི་རྗེས་སུ་འབྲངས་ནས་ཞེ་བརྒྱད་ཞེ་དགུ་ཟླ་བ་བཤོལ་ཅེས་སོགས་ཞིབ་པ་སྐར་རྩིས་ཀྱི་དུས་ཚིགས་བཅས་ལས་ཤེས་པར་འགྱུར་རོ།


མཉམ་སྤྱོད།