དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་བ་ཟགས་པ་གློ་མང་གློ་སྙིང་སྤྲུག ཟོས་རྗེས་ཕོ་བ་མི་བདེ་བཀྲག་མདངས་འཆོར། ཞེས་པའི་དོན་ཅི་ཡིན།

2025-06-09 16:49:48   |   28

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གློ་བའི་ཟགས་ཆུའི་རྟགས་ལ་གློ་མང་ཞིང་ལུད་པ་འགོག་དཀའ་བ་དང་། གློ་སྙིང་སྤྲུག་པ། ཟས་ཟོས་རྗེས་ཕོ་བ་མི་བདེ་བ་དང་། གདོང་དང་། སོ་རྙིལ། སེན་མོ་སོགས་ཀྱི་བཀྲག་མདངས་འཆོར་བའི་རྟགས་དང་ལྡན་ལ་བྱང་ཁོག་ཏུ་བརྟག་སྐབས་བི་ཇིས། རྩིབ་བར་གོ་ཡང་གཞན་པས་ཆེ། ཤ་པགས་དག་ཀྱང་སྦོ་བར་འཆོར། ཞེས་པ་ལྟར་མིག་ལམ་སྣང་བར་འགྱུར་ལ། བེམ་ཏོལ་བརྒྱབ་ན་གཅོར་སྐད་ཆུ་སེར་ཡོད་ཅེས་པའི་སྒྲ་འབྱུང་བ་དང་། དེ་བཞིན་སྨན་པའི་ལག་མཐིལ་གསང་དུ་གཏད་དེ་སྤྲུགས་པས། ཐོལ་ཐོལ་ཁྱིལ་ཁྱིལ་བེའུ་འགུལ་འདྲ་ཡོད། ཅེས་པ་ལྟར་འབྱུང་ལ། སྐེ་སྟོང་ཙ་ར་ཁུང་ནས་གློ་ཡུར་རེག་ན་གློ་ཡུ་ཡང་ནད་མེད་ཀྱི་གཞོགས་སུ་ཡོ་བ་དང་། དེ་ལྟ་བུའི་ཆུ་ཆེར་རྒྱས་པའི་དུས་ལུས་ངལ་ཞིང་འབྱིན་རྔུབ་ཤིན་ཏུ་དཀའ་བའི་རྟགས་འབྱུང་བ་སོགས་རྒྱུད་དུ་ཞིབ་པར་བསྟན་པ་ལྟར་བརྟག་དགོས་པ་གལ་ཤིན་ཏུ་ཆེ་ལ་ནད་འདི་ནི་བྱང་ཁོག་སྟོད་དུ་བསགས་པའི་ནང་ཆུའི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་སྟེ་སྙན་བརྒྱུད་བེ་བུམ་ནག་པོ་ལས། དཀར་པོ་རྒྱ་ཡིས་ཐེབས་ནས་ནི། གླི་སྙིང་སྟེང་དུ་ཆུ་ཤོར་བས། ཚེ་ནི་ཐུང་བའི་མཚན་ཉིད་ཡིན། ཞེས་པ་ལྟར་ཡིན་ནོ།


མཉམ་སྤྱོད།