དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་སྨན་གྱི་བཅོས་ཀ་ཟེར།

2025-06-25 16:50:03   |   26

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྨན་གྱི་བཅོས་ཀ་ཞེས་པར་དོན་དུ་སྨན་དཔྱད་གཉིས་ཀའི་གསོ་ཐབས་འདུ་བ་དང་། སྤྱིར་བཏང་གདོན་ནད་ལ་སྨན་དཔྱད་ཀྱི་བཅོས་བྱེད་པ་གཙོ་ཕལ་གྱི་དབང་དུ་བྱས་ན་ཕྱི་མ་སྟེ་ཕལ་བའི་གསོ་ཐབས་ཡིན་པ་ནི། རྒྱུད་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། ཅེས་གསུངས་པ་ལྟར་རོ། འོན་ཀྱང་ཀུན་བརྟག་འཁྲུལ་བའི་རང་གཟུགས་སུ་ཤར་བའི་གདོན་བགེགས་ཀྱི་ནད་རིགས་ཁག་ཅིག་དང་ལྷག་པར་གདོན་གཟའ་དང་གདུག་པ་ཀླུའི་གདོན་ནད་ལྟ་བུར་སྨན་དཔྱད་ཀྱི་བཅོས་ཀ་ཉིད་ཤིན་ཏུ་ཕན་ཆེ་བ་དང་། དེ་མིན་གདོན་ནད་མང་ཆེ་བར་གདོན་བཅོས་དང་སྨན་བཅོས་གཉིས་མཉམ་འབྲེལ་དང་ཁྱད་པར་རིམ་གྲོའི་ཆོ་གའི་མཇུག་ཏུ་སྨན་དཔྱད་བསྟེན་པས་རིམ་གྲོའི་གྲོགས་སུ་སོང་ནས་ནད་གང་གསོ་སླ་ཞིང་མྱུར་བའི་དགེ་མཚན་འབྱུང་བ་བཅས་གདོན་ནད་ལ་རིམ་གྲོ་དང་སྨན་དཔྱད་ཀྱི་གསོ་ཐབས་གཉིས་ཀ་སྤྱོད་དགོས་པ་ཤེས་པར་བྱའོ།


མཉམ་སྤྱོད།