དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་འབྲས།

2025-07-16 16:16:40   |   219

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

ཕོ་འབྲས་ཀྱི་བྱུང་ཚད་ཅུང་མཐོ། ཕོ་འབྲས་ཁྲག་བྱུང་ནི་ནད་དཀྱིལ་དང་ནད་མཇུག་ཏུ་མཐོང་བ་མང་། ཁྲག་བྱུང་ཚད་སྤྱིར་བཏང་ཆེ་རྒྱུ་མེད།

ནད་རྟགས། 

ན་ལུགས་རྟུལ་བོར་ན་བའམ་བརྒྱངས་ཏེ་ན་བའམ་གསུས་སྟོད་མི་བདེ་བར་སྙམ་པ་ཡིན། ཡང་ན་དེ་དང་མཉམ་དུ་ཤུགས་མེད་པ་དང་། ཟས་ལ་དང་ག་ཞན་པ། སྐྱུག་མེར་ལངས་པ། སྐྱུགས་པ། ལུས་པོ་རིད་ཅིང་ཇེ་ཡང་དུ་འགྲོ་བ། ཁྲག་ཟད་པ་དང་། བཤང་བར་ཁྲག་འདྲེས་པ་སོགས་ཡོད། སྐྱུགས་རོ་རྒྱུན་དུ་ཁོ་ཧྥེའི་རྩིགས་མ་དང་འདྲ་བ་ཡིན། ཡང་ན་ཕོ་བའི་རལ་ཟགས་སུ་ངོས་བཟུང་རྗེས་ན་ཟུག་ཆོས་ཉིད་རང་བཞིན་གྱིས་མངོན་གསལ་དུ་འགྱུར་བ་དང་། ཡང་ན་གསུས་གཟེར་མངོན་གསལ་མིན་པ་ལ་རྒྱུ་རྐྱེན་མི་གསལ་བར་སྐྱུག་མེར་ལངས་པ་དང་སྐྱུགས་པ་སོགས་འབྱུང་བ་ཡིན། ཡང་ན་རལ་ཟགས་སུ་ངོས་འཛིན་གནང་ནས་ཧུར་བརྩོན་སྒོས་གསོ་བཅོས་བྱས་ཀྱང་ཕན་ཐོགས་མངོན་གསལ་མེད་ན། ཕོ་འབྲས་བྱུང་བར་དོགས་ཟོན་ནན་མོ་བྱེད་དགོས།

སྔོན་འགོག

ཟས་སྐོམ་རྗེན་པ་དང་མཁྲེགས་པོ། རུལ་སུངས། ཚ་སྐྱུར་གྱི་རིགས་སོགས་མི་འཕྲོད་པ་སྤང་བ་དང་། སྨུག་པོ་བརྡོལ་བ་སོགས་ཀྱི་ནད་རྣམས་དུས་ཐོག་ཏུ་སྨན་བཅོས་བྱ་དགོས།

གསོ་ཐབས།

1 གལ་སྲིད་ཕོ་འབྲས་བྱུང་བར་དོགས་པ་སྐྱེས་ཚེ། སྔ་མོ་ནས་སྨན་ཁང་དུ་སོང་སྟེ་བརྟག་བཅོས་བྱེད་འོས་པ་དང་། གསོ་བཅོས་ཀྱི་དུས་སྐབས་བཟང་བོ་ཤོར་དུ་འཇུག་མི་རུང་།

2 བོད་ལུགས་གསོ་རིག་ལྟར་ན། ནད་གསར་བའི་དུས་སུ་དྭངས་བཙོ།(སེ་འབྲུ་དྭངས་གནས་ལ་བཙོ་ཐལ་བསྣན་པ།) བདེ་བྱེད་སྙོམས་ལྡན། ཅོང་ཞི་ཉེར་གཅིག  ཅོང་ཞི་ཅུར་ནིས། གཡུ་དྲིལ་བཅུ་གསུམ། བཙོ་ཟླ་སོགས་བསྟེན་ཅིང་། ཕོ་བར་འདྲིལ་བའི་རྟགས་བྱུང་ན། འབྲས་ནད་སྨིན་པ་ཡིན་པས་རྡོ་ཐལ་ཉེར་ལྔའང་ཉེར་བདུན་བཏང་། གྲང་ཤས་ཅན་ལ་ན་ཟུག་མེད་པ་དང་ཚ་ཤས་ཅན་ལ་ན་ཟུག་ཆེར་འབྱུང་བས་གྲང་ཤས་ཆེ་ན། བདེ་བྱེད་སྙོམས་ལྡན། བེ་ཁྲག་ཉེར་ལྔ། བཅོ་ལྔ་དྲག་སྦྱོར། སེ་འབྲུ་དར་གདུགས། བདུད་རྩི་རིལ་དཀར། ཞི་བྱེད་ཉེར་དགུ་ཁ་ཚར(གླ་རྩི)ཅན། བཙོ་ཟླ། གྲང་སྦྱོར་སོགས་བཏང་། ཚ་ཤས་ཅན་ལ་ཟླ་ཤེལ་ཆེན་མོ། གཡུ་ཁྱུང་། མགྲོན་ཐལ་དང་ཅོང་ཞི་འཕྲུལ་ཐལ་གྱི་ཕྱེ་མ་གང་རུང་བདུད་རྩི་སུམ་སྦྱོར་དང་དྭགས་སྨན་བཅོ་ལྔ། ཅོང་ཞི་ཉེར་གཅིག་སོགས་དང་བུངས་མཉམ་དུ་བཏང་བས་ཕན།

3 ཟས་ཀྱི་སྤང་བླང་ལ། བ་དམ་གྱི་སྣུམ།(花生油) མ་རྨོས་པའི་ལོ་ཏོག འབྲས། དུ་བས་བདུག་པའི་ཤ(熏肉) ཤ་བསྲེག་མ།(谈烧肉) ཚྭ་ཆེ་བའི་ཟས་རིགས་དང་ཆང་སོགས་མི་འཕྲོད་པས་སྤང་བ་དང་། སྔོ་ཚོད་གསར་བ་དང་ལ་སེར། ཤ་མོ། གསེར་ཁབ་ཤ་མོ།(金针菇) ལྦ་གཅོད།(海带) སྒོག་པ། ཇ་སོགས་འཕྲོད་པས་གང་འཚམ་བསྟེན་ན་ཆོག


མཉམ་སྤྱོད།