དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་རྒྱུ་ལྷག་ཚ་ནད།

2025-08-20 14:30:35   |   50

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མུར་གཤིས་རྒྱུ་ལྷག་ཚ་ནད་ནི་ཕྱི་ནད་ཀྱི་རྒྱུན་མཐོང་ནད་རིགས་ཤིག་ཡིན། མྱུར་གཤིས་གསུས་ནད་སྣ་ཚོགས་ལས་ཨང་དང་པོ་ཡིན། ནད་གཞི་མང་ཆེ་བ་ནི་རྒྱུ་ལྷག་གི་ནང་དུ་བྱེ་སག་དང་རྡོ་ཞིབ། ཟས་རོ། རྒྱུ་སྲིན་སོགས་ཤོར་ནས་ཕྱིར་དོན་མ་ཐུབ་པར་དེར་གཉན་ཚད་རྒྱས་པའི་ནད་ཅིག་ཡིན།

ནད་རྟགས།

 ཐོག་མར་ལྟེ་བའི་གཡས་གཡོན་ནམ་གསུས་པའི་སྟོད་དཀྱིལ་དུ་གཟེར་བ་དང་། དེའི་རྗེས་རིམ་བཞིན་ལྟེ་བའི་གཡས་འོག་གི་རྒྱུད་དུ་ལྡང་དུབ་ཅན་གྱི་ཟུག་གཟེར་དྲག་པོ་འབྱུང་བ། གཟེར་དམིགས་བརྟན་པོ་ཡིན་པ་ལ་སྐྱུག་མེར་ལངས་པ་དང་། སྐྱུགས་པ། ཚ་བ་རྒྱས་པ། རེ་འགར་ཁོག་པ་བཤལ་བ་བཅས་ཀྱི་མངོན་ཚུལ་འབྱུང་། གཟེར་དམིགས་ངེས་གཏན་གྱིས་ན་ཟུག་གཏོང་བ་དང་། དེའི་རྒྱུད་ཀྱི་ཤ་གྲིམ་མཁྲེགས་པོར་ཆགས་ནས་མནན་སྐབས་ན་ཟུག་ཆེ་རུ་འགྲོ་བ་དང་། ཉལ་དུས་རྐང་པ་གཡས་པ་ཐད་ཀར་རྐྱོང་མི་ཐུབ་ལ། ད་དུང་ཚ་བ་མཐོ་རུ་འགྲོ་བ་དང་། རྒྱུ་ལྷག་ཡོད་སའི་ཤ་གྲིམས་མཁྲེགས་ཤིང་གནོན་གཟེར་དང་གློད་གཟེར་གསལ་བོ་ཡོད་ན། རྒྱུ་ལྷག་རྡོལ་བ་དང་། གསུས་སྐྱི་ལ་གཉན་ཚད་རྒྱས་པ་མཚོན་པ་དང་། རྒྱུ་ལྷག་ཡོད་སར་སྐྲངས་འབུར་རིགས་རེག་ཐུབ་པ་བྱུང་ན། དེའི་རྒྱུ་ལྷག་མཐའ་འཁོར་རྣག་ཏུ་འགྱུར་བ་མཚོན་པ་ཡིན།

 སྡོན་འགོག

 ཟས་རིགས་མཁྲེགས་པོ་དང་ཟས་སུ་རྡོ་ཟགས་དང་བྱེ་མ་འདྲེས་པར་མཉམ་འཇོག་དང་། རྗེན་པ་དང་འཁྱགས་པའི་རིགས་བསྟེན་ཆེས་པ་དང་ཟོས་རྗེས་གློ་བུར་དུ་འཁྲུགས་ལས་བྱེད་པ་སྤང་དགོས།

 གསོ་ཐབས། 

1 གལ་ཏེ་མྱུར་གཤིས་རྒྱུ་ལྷག་ཚ་ནད་ཡིན་པར་དོགས་པ་ཟ་ན། ཟས་སྐོམ་གང་ཡང་མི་ཟ་བར། མགྱོགས་མྱུར་ངང་སྨན་ཁང་དུ་སོང་ནས་བརྟག་དཔྱོད་བྱེད་དགོས་པ་དང་༌། ཁུང་བུ་རྡོལ་ཏེ་གསུས་ཚིལ་ཚ་ནད་བྱུང་བར་དོགས་ཟོན་བྱེད་དགོས། ཐོག་མའི་སྐབས་སུ་ཕྱི་ནད་ཚན་ཁག་ནས་གཤག་བཅོས་བྱེད་ན་བཟང་།

2 བོད་ལུགས་གསོ་རིག་ལྟར་ན། མྱུར་བའི་རང་བཞིན་ཡིན་ཚེ་ཆིག་ཐུབ་རིལ་བུ་དང་བྲག་ཁྱུང་།(བྲག་ཞུན་དགུ་པར་ཁྱུང་ལྔ་བསྣན་པ) ཞི་ལྕུམ(ཞི་བྱེད་དྲུག་པའི་སྟེང་ལྕུམ་རྩ་བསྣན་པ)སྟེང་ཁྱུང་ལྔ་བསྣན་པ། ཁྱུང་ལྔ་སོགས་གང་འཚམ་བསྟེན་ཆོག དལ་བའི་རང་བཞིན་ གྱི་རྒྱུ་ལྷག་གི་ནད་ཡིན་ན་ཞི་ཁྱུང་དང་གཡུ་ཁྱུང་། རུ་ཁྱུང་སོགས་གང་འཚམ་ལྟར་བསྟེན་ཆོག


མཉམ་སྤྱོད།