རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
གྲང་མཁྲིས་བཅུ་པ།(གར་ནག་བཅུ་པ།)
སེ་འབྲུ་སྲང་གང་ཞོ་ལྔ། ཤིང་ཚྭ་ཞོ་བདུན་སྐར་ལྔ། སུག་སྨེལ་ཞོ་བཞི། པི་ལིང་ཞོ་ལྔ། ཨ་རུ་སྲང་དོ། རྒྱམ་ཚྭ་ཞོ་བཞི། གསེར་མེ་ཞོ་ལྔ། དུག་ཉུང་ཞོ་བཞི། ཕག་ཐལ་སྲང་གང་། དོམ་མཁྲིས་སྐར་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
གར་ནག་བཅུ་པ་བཟི་མེད་དྲོད་ཚད་འབྲིང་། ཕོ་བ་དྲོད་ཉམས་མཁྲིས་པ་སྨིན་མི་ཐུབ། མིག་སྤྲིན་ལྕེ་སོགས་སེར་ལ་བཙོག་པ་དཀར། མཁྲིས་རླུང་མ་ཞུ་བད་སྐྲན་ལ་སོགས་པ། མ་ཞུ་མཁྲིས་སྐྲན་གྲང་མཁྲིས་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།