དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅོང་ཞི་སོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-17 09:43:27   |   521

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཅོང་ཞི་སོ་ལྔ། (ཟུར་ལུགས་ཟླ་ཤེལ་ཆེན་མོ།)

ཅོང་ཞི་མཛོ་འོ་སྲང་གསུམ།  ཅུ་གང་ཞོ་གསུམ།  གུར་གུམ་ཞོ་ལྔ།  ཛཱ་ཏི་ཞོ་དོ།  ཀོ་ལ་ཞོ་དོ།  སུག་སྨེལ་ཞོ་དོ།  ལི་ཤི་ཞོ་དོ།  ཨ་རུ་སྲང་གང་།  སྐྱུ་རུ་ཞོ་བརྒྱད།  ཙན་དཀར་ཞོ་དོ།  ཙན་དམར་ཞོ་བཞི།  རུ་རྟ་ཞོ་ལྔ།  པི་ལིང་ཞོ་གསུམ།  སེ་འབྲུ་ཞོ་བརྒྱད།  དུག་ཉུང་ཞོ་དོ་སྐར་ལྔ།  གསེར་མེ་ཞོ་དོ།   ཀོ་བྱིལ་ཞོ་དོ།  མ་ནུ་ཞོ་ལྔ།  གུལ་ནག་ཞོ་དོ།  བྲག་ཁཎ་ཞོ་བརྒྱད།  ལྕགས་རྩི་སྲང་གང་ཞོ་ལྔ།  བོང་དཀར་ཞོ་ལྔ།  སུམ་ཏིག་ཞོ་བཞི།  ཧོང་ལེན་ཞོ་བཞི།  བ་ཤ་ཀ་ཞོ་བཞི།  ལུག་རུ་སྨུག་པོའི་མེ་ཏོག་ཞོ་ལྔ།  པྲི་ཡང་ཀུ་ཞོ་ལྔ།  ཨུཏྤལ་སྔོན་པོ་ཞོ་བདུན།  ཆུ་རྩ་ཞོ་བདུན།  ཁུར་རྩ་ཞོ་བདུན།  གངས་ཐིགས་ཞོ་གཉིས།  དངུལ་ཆུ་གྲང་འདུལ་ཞོ་དོ་སྐར་ལྔ།  དོམ་མཁྲིས་སྐར་གཉིས།  གི་ཝང་སྐར་གཅིག  གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཅོང་ཞི་སོ་ལྔ་བཟི་མེད་ཅུང་ཟད་བསིལ།  སྨུག་པོའི་ནད་ཀྱི་ཕོ་མཆིན་མི་བདེ་ཞིང་།  ཕོ་བ་ཚ་ཞིང་ཆུ་སྐྱུར་དམར་སེར་སྐྱུགས།  ཟས་ཀྱི་བྲོ་བ་མི་ཚོར་བཙོག་པ་བཀག  ཕོ་ལོང་རྩི་སྐམ་ཁྲག་ངན་འཁྲུ་སྐྱུགས་དང་།  ཟས་དུག་ནད་ཀྱིས་ཕོ་བ་གཡའ་ལྡང་ན།  མ་ཞུ་གླང་ཐབས་ནད་དང་ཆུ་གཞི་སོགས།  ཁྱད་པར་སྨུག་པོའི་ནད་ཀྱི་སྨན་ཞིག་ཡིན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།  


མཉམ་སྤྱོད།