དེ་རིང་ནི2025ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྲག་རྩིའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-20 08:52:50   |   324

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྲག་རྩི།(བྲག་ཁྱུང་།)

བྲག་ཁཎ་སྲང་གང་། གུར་གུམ་ཞོ་བདུན། སུག་སྨེལ་ཞོ་གཉིས། ཨ་རུ་སྲང་གང་ཞོ་ལྔ། བོང་དཀར་ཞོ་དྲུག་སྐར་ལྔ། པྲི་ཡང་ཀུ་ཞོ་བདུན། ག་དུར་ཞོ་ལྔ་སྐར་ལྔ། རུ་རྟ་ཞོ་ལྔ་སྐར་ལྔ། ཤུ་དག་ཞོ་ལྔ་སྐར་ལྔ། གུལ་ནག་ཞོ་བཞི། སྨན་ཆེན་ཞོ་ལྔ།  དོམ་མཁྲིས་སྐར་ཕྱེད་གཉིས།  གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

བྲག་དགུ་རྩི་བསྣན་བཟི་ཆེ་བསིལ་འབྲིང་འདིས། ཁྲག་མཁྲིས་ཕོ་བར་ལྷུངས་ནས་ཟུག་གཟེར་ཆེ། གཉན་རིམས་རྒྱུ་གཟེར་དམར་སེར་ཁྲག་བཅས་འཁྲུ། ཕོ་བ་རྒྱུ་མའི་སྲིན་གླང་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།