དེ་རིང་ནི2025ལོའི་ཟླ05པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབམ་སྨན་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-21 08:40:49   |   469

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འབམ་སྨན་བཅུ་གཅིག(གསང་སྨན་བཅུ་གཅིག)

ཁྲག་ཁྲོག་སྲང་གང་། འུ་སུའི་ལོ་འབྲས་ཞོ་བདུན་སྐར་ལྔ། གུར་གུམ་ཞོ་བརྒྱད། རྒྱ་ཚྭ་ཞོ་གང་སྐར་ལྔ། རྒྱམ་ཚྭ་ཞོ་དོ། པྲིང་ཀུ་ཞོ་བདུན། ཆུ་རུག་སྦལ་ལག་ཞོ་བདུན། ཀླུ་བདུད་གཞོན་ནུ་ཞོ་ལྔ། མྱང་རྩི་སྤྲས་ཞོ་བཞི། གུལ་ནག་ཞོ་གསུམ། སྟག་ཤ་ཞོ་གསུམ་སྐར་ལྔ། བཅས་གཙང་བཟོས་ཞིབ་བཏགས་ཕྱེ་མ་བཟོ་རྒྱུ།

ཕན་ནུས།

འབམ་སྨན་བཅུ་གཅིག་ཅུང་བཟི་བསིལ་འབྲིང་འདིས། ཁྲག་ངན་ཆུ་སེར་སྨད་དུ་བབས་པའི་རྗེས། རྐང་པ་སྐྲངས་ཤིང་མདོག་འགྱུར་ན་ཟུག་ཆེ། སྒྱིད་ཁུག་རྩ་སྦྲིད་རྐང་པ་འཛུགས་མི་ཐུབ། བརྐྱང་བསྐུམ་འགྲོ་སྐྱོད་མི་ཐུབ་དཀའ་བ་སོགས། ཁྱད་པར་རྐང་འབམ་ནད་ལ་ཕན་པ་ཡིན། འོན་ཀྱང་སྨན་འདི་གནད་དུ་འཁེལ་དགོས་ཏེ།  སྟོད་གཟེར་འཇགས་ཤིང་སྙིང་ག་བདེ་བ་དང་། རྐང་འབམ་རྟགས་གསལ་དུས་ལ་གཏོང་བ་གཅེས། འཕྲོད་རྟགས་སྨན་ཞིམ་དབུགས་དང་འཕར་རྩ་དལ། གཉིད་དང་དྲི་ཆུའི་བུངས་ཆེ་ན་ཟུག་འཇགས། མི་འཕྲོད་ཞེ་ལོག་སྐྱུགས་ལྡང་ཕོ་བ་ན། ལྷག་པར་སྟོད་གཟེར་སྙིང་གཡུག་དབུགས་བཀག་ན། སྨན་འཕྲོ་བཅད་ལ་ཐབས་ཤེས་གཞན་པས་བཅོས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།