དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྲེ་ག་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-24 09:27:07   |   506

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྲེ་ག་བཅུ་གསུམ།

བྲེ་གའི་འབྲུ་གུ་སྲང་གང་ཞོ་གསུམ། ཨ་འབྲས་ཞོ་ལྔ། སྲ་འབྲས་ཞོ་བདུན། འཇམ་འབྲས་ཞོ་བདུན། རྒྱ་ཚོས་ཞོ་བརྒྱད། བཙོད་སྲང་གང་། ཞུ་མཁན་སྲང་གང་། ཤུག་ཚེར་སྲང་གང་། ཨ་རུ་སྲང་དོ་ཞོ་ལྔ། སུག་སྨེལ་ཞོ་བཞི། མཁལ་ཞོ་དཀར་པོ་ཞོ་བདུན་སྐར་ལྔ། གསེར་མེ་ཞོ་གསུམ་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

བྲེ་ག་བཅུ་གསུམ་སྙོམས་པས་ལྒང་བའི་ནད། སྨད་ནད་མཁལ་ཚད་འགྲམས་དང་འོར་ལྷུངས་དང་། ཚ་གྲང་གང་གིས་འབྲས་བུ་སྐྲངས་པའི་ནད། མ་ལུས་སེལ་བའི་ལག་ལེན་མྱོང་གྲུབ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།