དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བུ་བཙས་ཙན་དན་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-25 09:15:51   |   793

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བུ་བཙས་ཙན་དན་བཅོ་བརྒྱད།

ཙན་དམར་ཞོ་ལྔ། ཙན་དཀར་ཞོ་གསུམ་སྐར་ལྔ། ཨ་རུ་ཞོ་བརྒྱད། བ་རུ་ཞོ་བཞི། སྐྱུ་རུ་ཞོ་ལྔ། ནཱ་ག་གེ་སར་ཞོ་གསུམ། སྒ་སྐྱ་ཞོ་དོ། སུག་སྨེལ་ཞོ་གང་སྐར་ལྔ། དུག་ཉུང་ཞོ་དོ། གསེར་མེ་ཞོ་དོ། ཀ་པེད་ཞོ་གང་སྐར་ལྔ། ཛཱ་ཏི་ཞོ་གང་། བ་ལེ་ཀ་ཞོ་གསུམ། ཧོང་ལེན་ཞོ་བཞི། པར་པ་ཏ་ཞོ་བཞི། སྤང་སྤོས་ཞོ་གསུམ་སྐར་ལྔ། ཚ་ཤས་ཆེ་ན་གི་ཝང་སྐར་ཕྱེད། མངལ་ཁྲག་ཤོར་ཉེན་ཆེ་ན་ཁ་གུར་ཞོ་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

བུ་བཙས་ཙན་དན་བཅོ་བརྒྱད་བཟི་མེད་བསིལ་བ་འདིས། བུད་མེད་བུ་བཙས་རྗེས་ལ་རིམས་བཏབ་དང་། ཚ་བ་རྒྱས་ལ་གཙོ་བརྒྱད་ལྟག་པ་སྤྲད། བང་ཚད་རིམས་ཚད་སེལ་ཞིང་ཁྲག་ཤོར་གཅོད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།