དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཝ་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-12-02 16:33:14   |   53

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་ཝ་བཅུ་གཅིག

རྩྭ་ཨ་ཝ་སྲང་བཞི། ཤིང་མངར་སྲང་བཞི། སྔོ་རྟག་ངུ་སྲང་བཞི། ལྕགས་ཕྱེ་སྲང་བཞི། མདུང་རྩེ་སྲང་བཞི། པྲིང་ཀུ་སྲང་བཞི། གུར་གུམ་སྲང་བཞི། སྐྱེར་ཁཎ་སྲང་གཉིས། ལྕགས་སྦྲུལ་སྲང་གང་། མཁྲིས་སྣ་སྲང་གང་། ཀ་ར་རྟ་སོ་མ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་ཝ་བཅུ་གཅིག་བཟི་མེད་ཅུང་ཟད་བསིལ། མིག་ཤེད་ཉམས་ཤིང་མིག་ལ་སྐྱ་འགྲིབ་ཆགས། རབ་རིབ་རིགས་དང་ཚ་ཤར་མཆི་མ་དོན། མིག་མི་གསལ་བའི་ནད་ལ་ཕན་པ་ཡིན། གཞན་ཡང་ལིང་ཏོག་ཤ་འཛེར་སོགས་ལའང་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟོ་སོགས་སྦྱོར།


མཉམ་སྤྱོད།