དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞར་བྱུང་སྦྱོར་ཚད།

2025-12-03 09:24:58   |   59

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞར་བྱུང་།

སྨན་སྦྱོར་འདིའི་ནང་ཚིག་ཉུང་ལ་བཏང་བའི་བསྡུས་མིང་ཁ་ཤས་གཤམ་གསལ། ཙན་དན་དཀར་པོ་དང་དམར་པོ་ལ། ཙན་དཀར། ཙན་དམར་ཞེས་བྲིས་ཡོད། དེ་བཞིན་དཔའ་བོ་དཀར་པོ་དང་སེར་པོ་ལ། དཔའ་དཀར་དང་དཔའ་སེར། སྲོ་ལོ་དཀར་དམར་ལ་སྲོལ་དཀར་དང་སྲོལ་དམར། ཟི་ར་དཀར་ནག་ལ། ཟིར་དཀར། ཟིར་ནག ཐ་དཀར་རྡོ་རྗེ་ལ་ཐལ་རྡོར། སོ་མ་ར་ཛ་ལ་སོ་ར། པྲི་ཡང་ཀུ་ལ་པྲིང་ཀུ། བྲག་ཞུན་ཁཎྜ་ལ་བྲག་ཁཎ། སྟར་བུའི་ཁཎྜ་ལ་སྟར་ཁཎ། གཞན་ཡང་ཨ་གར་གཉིས་ཞེས་པ། ཨར་ནག་དང་ཨ་གར་གོ་སྙོད་མང་ཉུང་གཅིག་པ་བྱེད་དགོས། ཕུར་ཐལ། ཕག་ཐལ། སྲམ་བྲུན། ཉ་རུས་སོགས་ནི་ནུས་བསྲེག་ཡིན། སྦྲུལ་ཤ སྡིག་སྲིན། སྦལ་བ་ལ་སོགས་དུག་བཏོན་ཟིན་པ་ཡིན་དགོས། ཅོང་ཞི་ཚ་འདུལ་དང་རྒོད་འདུལ། ཅོང་ཞི་མཛོ་འོ། ཅོང་ཞི་ལན་ཚྭ་དང་མཉམ་བརྔོས་སོགས་སོ་སོའི་འགྲོ་ས་ཤེས་དགོས་ལ། སྦྱོར་དཔེ་ནང་ཁ་གསལ་མེད་པའི་ཅོང་ཞི་ནི་རྒོད་འདུལ་དང་ཚ་འདུལ་གང་རུང་གིས་དཔྱོད་ཤེས་དགོས། གཡུ། བྱུ་རུ། མུ་མེན། མུ་ཏིག ཉ་ཕྱིས་རྡོ་ཁབ་ལེན། མདུང་རྩེའི་རིགས། སྦལ་རྒྱབ། གངས་ཐིགས་སོགས་རྡོ་སྨན་རིགས་རྣམས་དུག་བཏོན་ཟིན་པ་ཡིན་དགོས། ཚྭ་ལ་དང་བུལ་ཏོག་ནི་ཆུ་བཅད་ཡིན། བསེ་རུ་དང་རྒྱ་མཚལ། ཟེ་ཚྭ། མུ་ཟི་སོགས་ཀྱང་དུག་བཏོན་པ་ཡིན་དགོས། དུང་། འགྲོན་ཐལ། ཤ་རྭ་སོགས་ནི་ཧར་བསྲེག་ཡིན་ལ། རྒྱ་རུ་ནི་རྩི་ཧྲོག་གཞིར་བཅས་དགོས། ཀོ་བྱི་ལ་ནི་དུག་འདོན་བྱེད་དགོས་པ་དང་མི་དགོས་པའི་འགྲོ་ཁུངས་ལ་དཔྱོད་ཤེས་དགོས། འབྱར་དང་ལུམས། ཕྱི་བྱུགས་ཀྱི་རྡོ་སྨན་དང་སྨན་རིགས་རྣམས་དུག་འདོན་བྱེད་སྲོལ་མེད་པ་བཅས་རྒྱུན་ཤེས་ཀྱི་རིགས་ཡིན།

གོང་དུ་བཤད་ཟིན་པའི་བོད་སྨན་གྱི་གསོ་རིག་འཕྲོད་བསྟེན་དཔྱད་གཞིའི་སློབ་དེབ་འདིའི་ནང་། སྦྱོར་བ་སྨན་རིགས་ལ་རོ་ཡི་སྦྱོར་བ། སྡེ་ཚན་གྱི་སྦྱོར་བ། ནུས་པའི་སྦྱོར་བ་བཅས་ཀྱི་སྒོ་ནས། ཐང་དང་ཕྱེ་མ། རིལ་བུ་དང་ལྡེ་གུ། ཁཎྜ་དང་སྨན་ཆང་སོགས་ལ་གཞིར་བཞག་གིས་ནད་གསོ་བའི་ལག་ལེན་མྱོང་གྲུབ་སྨན་སྦྱོར་གལ་ཆེན་རྣམས་ཕྱོགས་བསྒྲིགས་བྱས་ཏེ་ཕན་ནུས་ཀྱི་སྒོ་ནས་ན་ལུགས་ཚ་སྟངས་སོགས་རྒྱས་བཤད་ཅུང་ཟད་ཁ་གསལ་གོ་བདེར་བཤད་ཡོད་པ་དང་། སྨན་གྱི་དྲོ་གྲང་བཟི་ཡོད་མེད་ཐུན་ཚད་ག་འདྲ་དགོས་མིན་སྤྱིར་བཏང་གི་བཤད་པ་རྣམས་སྨན་པ་གསར་བུ་རྐང་རྗེན་གྱིས་བེད་སྤྱོད་བྱེད་པ་ལ་ཕན་ཐོགས་ཅུང་ཟད་ཡོད་ཁུལ་བྱས་ནས་རྩོམ་སྒྲིག་བྱས་པ་ཡིན་ཡང་མ་གཞི་ནད་གཞི་རྙིང་པ་དང་། དོན་སྣོད་ཀྱི་ན་ཚ་གལ་ཆེ་བ་རྒྱུན་མཐོང་མང་བའི་སྨན་བཅོས་གཙོ་བོར་བྱས་ཡོད།

དེ་སྔོན་ནད་གཞི་ཆེ་བ་མེད་པའི་ནད་གསར་པ་དང་། གློ་བུར་གྱི་ན་ཚ། ནད་གཞི་ཅུང་ཟད་ཆུང་བ། ལུས་ཟུངས་ཀྱི་ནུས་སྟོབས་ལྡན་པ་སོགས་ཀྱི་ཆ་རྐྱེན་ཡོད་པ་ལ། སྨན་འབུམ་དང་། ཕྱི་རྒྱུད་ཀྱི་སྔོ་སྦྱོར། མི་ཕམ་གྱི་སྔོ་སྦྱོར། སྨན་རྩིས་ཁང་གི་བོད་སྨན་སྔོ་སྦྱོར་གསར་སྒྲིག ཟུར་ལུགས་སུམ་འགྲོལ་གྱི་རིགས། ཀྲུང་དབྱི་ལུགས་ཀྱི་ཐང་སྨན་སོགས་སྟབས་བདེ་བ་དང་འབྱོར་སླ་བའི་སྨན་དངོས་ཀྱིས་གང་ལ་དེ་འཚམ་སྨན་བཅོས་བྱེད་ཤེས་དགོས་པ་ནི་གལ་ཆེན་གཅིག་ཡིན་པ་མ་ཟད། ད་དུང་དེང་དུས་ཀྱི་མི་རིགས་སོ་སོའི་ཁྱད་ཆོས་དང་གནམ་གཤིས་ས་ཆུ་སོགས་ཀྱིས་ཕྱོགས་སོ་སོ་ནས་སྨན་པ་རྐང་རྗེན་མ་རྣམས་ཀྱི་ཉམས་མྱོང་དང་ལུང་རིགས་ཀྱི་སྒྲུབ་བྱེད་ཡོད་པའི་ལག་ལེན་དང་ཤེས་པ་ཟུང་འབྲེལ་གྱིས་འཐབ་རྩོད་ཀྱི་འབྲས་བུར་ཐོབ་པའི་མན་ངག་རྣམས་ཡང་སྐོར་སྐྱར་སྐོར་གྱིས་བེད་སྤྱོད་བྱེད་པ་དང་ཆབས་ཅིག་གསར་བརྗེའི་ལས་འགུལ་ཆེན་པོ་གསུམ་གྱི་ནང་ལ་ཉམས་མྱོང་རྒྱུན་ཆད་མེད་པ་ཕྱོགས་སྡོམ་བྱས་ཏེ། ཚན་རིག་དང་མཐུན་པར་ཆུ་ཚད་གོང་མཐོར་གཏོང་དགོས་སོ།


མཉམ་སྤྱོད།