དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནད་རིགས་བཞི་བརྒྱ་རྩ་བཞི་ཞེས་པ་རེ་རེ་བཞིན་ངོས་འཛིན་རྒྱུ་ཡོད་དམ།

2025-12-12 08:52:16   |   29

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


1 སྨན་རྒྱུད་ཙ་ར་ཀ་ལས། བརྒྱ་དང་གཅིག་ནི་ཀུན་བརྟགས་གདོན་གྱི་ནད། བརྒྱ་དང་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད། བརྒྱ་དང་གཅིག་ནི་འབྱུང་འདུས་གཞིའི་ནད། བརྒྱ་དང་གཅིག་ནི་སྔོན་བྱུང་རང་བཞིན་སྔོན་གྱི་ནད་ཅེས་པའོ།

2 རླུང་གི་ནད་རིགས་བརྒྱ་དང་གཅིག མཁྲིས་པའི་ནད་རིགས་བརྒྱ་དང་གཅིག བད་ཀན་ནད་རིགས་བརྒྱ་དང་གཅིག ལྡན་འདུས་ནད་རིགས་བརྒྱ་དང་གཅིག་གོ། 

3《མ་ཎི་བཀའ་འབུམ》ལས། ནད་ཀྱི་ཉེ་བའི་རྒྱུ་འབྱུང་བ་བཞི་སྟེ་འབྱུང་བ་བཞི་ལས་ནད་རིགས་བཞི་བརྒྱ་རྩ་བཞི་སྐྱེ་སྟེ། ཞེ་སྡང་ལས་མེ། མེ་ལས་མཁྲིས་པ། མཁྲིས་པ་ལས་འབྱུང་བ་བརྒྱ་རྩ་གཅིག གཏི་མུག་ལས་ས། ས་ལས་བད་ཀན། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག ཕྲག་དོག་ལས་རླུང་། རླུང་ལས་གྱུར་པ་བརྒྱ་རྩ་གཅིག འདོད་ཆགས་ལས་ཆུ། ཆུ་ལས་འདུས་པ། འདུས་པ་ལས་གྱུར་པ་བརྒྱ་རྩ་གཅིག ནད་བཞི་བརྒྱ་རྩ་བཞི་བོ་དེས་འབྱུང་བ་ཆ་མ་སྙོམས་པས་ལུས་ན་བར་བྱེད་དོ།


མཉམ་སྤྱོད།