དེ་རིང་ནི2025ལོའི་ཟླ12པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བར་ཕན་པའི་བྱེད་ཐབས་འགའ།

2025-12-15 10:42:30   |   23

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

1.སྔོ་ཚོད་དང་སིལ་ཏོག་གསར་བ་མང་ཙམ་ཟ་བ།

སྔོ་ཚོད་དང་སིལ་ཏོག་གསར་བའི་ནང་དུ་འཚོ་རྒྱུ་དང་གཏེར་རྒྱུ། བཟའ་བཅའི་ཚི་སྣ། ཆུ་བཅས་འདུས་པར་མ་ཟད། ད་དུང་ང་ཚོའི་ལུས་པོ་ལ་དབྱང་འགྱུར་འགོག་པའི་གྲུབ་ཆ་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་ཐུབ། དཔེར་ན་ལ་ཕུག་རྒྱུ་དང་ཀྲོ་མ་ཀྲུའི་དམར་རྒྱུ། ཧྭ་ཆིན་རྒྱུ། འཚོ་རྒྱུCསོགས་ལྟ་བུ། གྲུབ་ཆ་འདི་དག་གིས་ང་ཚོའི་ལུས་ཕུང་གི་གཉན་ཚད་ནུས་སྣང་ཇེ་ཆུང་དུ་གཏོང་བ་དང་ཕོ་བའི་བདེ་ཐང་སྲུང་སྐྱོབ་བྱེད་པ་ཡིན།

ཞིབ་འཇུག་ལས་མངོན་པ་ལྟར་ན། སྔོ་ཚོད་ཀྱི་བསྡུ་ལེན་བྱེད་ཚད་དེ་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་དང་འབྲེལ་བ་མེད། ཡིན་ནའང་། ཙོང་རིགས་ཀྱི་སྔོ་ཚོད་དང་རྒྱ་གྲམ་མེ་ཏོག་ཚན་གྱི་སྔོ་ཚོད་ཀྱིས་ཕོ་བའི་འབྲས་སྐྲན་སྔོན་འགོག་བྱེད་པའི་ནུས་པ་ཐོན། སིལ་ཏོག་གསར་བ་བསྡུ་ལེན་བྱེད་ཚད་ཇེ་མང་དུ་བཏང་ན། ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གཞི་གྲངས་ལ་ཞིབ་འཇུག་བྱས་འབྲས་སུ་མངོན་པར། གཟའ་འཁོར་རེར་སིལ་ཏོག་ཟ་ཐེངས3སམ3ལས་མང་བ་དང་ཐེངས3ལས་ཉུང་བའི་མི་ཚོགས་གཉིས་བསྡུར་ན། ཕོ་བའི་འབྲས་སྐྲན་གྱི་ཉེན་ཁ62%ཇེ་དམའ་རུ་སོང་ཡོད་པ་དང་། གཟའ་འཁོར་རེར་སྔོ་ཚོད་ཟ་ཐེངས3སམ3ལས་མང་བ་དང་ཐེངས3ལས་ཉུང་བའི་མི་ཚོགས་གཉིས་བསྡུར་ན། ཕོ་བའི་འབྲས་སྐྲན་གྱི་ཉེན་ཁ38%ཇེ་དམའ་རུ་སོང་ཡོད།

2.རྒྱུན་དུ་སྲན་མའི་ཐོན་རྫས་ཟ་བ། 

སྲན་སེར་དང་སྲན་ཐུད། སྲན་སྤྲི་སྐམ་བསྒྲིལ་མ། སྲན་ཐུད་སྐམ་པོ། སྲན་སྐུད་སོགས་སྲན་མའི་ཐོན་རྫས་ནང་སྲན་ཆེན་གྱི་ཐོང་སེར་པོ་ཕུན་སུམ་ཚོགས་པ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། སྲན་ཆེན་ཐུང་སེར་པོ་ཡིས་ཕོ་བའི་འབྲས་སྐྲན་ཕྲ་ཕུང་རྙིད་པར་འཇམ་ཁྲིད་བྱེད་ཐུབ་པས། ཕོ་བའི་འབྲས་སྐྲན་སྔོན་འགོག་དང་དེ་ཉིད་ལ་འགོག་རྒོལ་བྱེད་པའི་ནུས་པ་ལྡན།

3.ཞིབ་མོར་ལྡད་ཅིང་དལ་མོར་མིད་པ་དང་རྒྱགས་ཆེ་བར་འཛེམ་པ། 

ཟས་ཐུན་རེའི་ཟ་མ་ཟ་ཚད་ལ་ཚོད་འཛིན་ཡག་པོ་བྱ་དགོས་པ་དང་། ཕོ་བ་རྒྱགས་ཆེ་མི་རུང་། རྒྱུན་ལྡན་དུ་ཕོ་བའི་བཅུ་ཆའི་བདུན་ནས་བརྒྱད་ཙམ་བརྒྱགས་ན་ཆོག ཕོ་བ་དང་རྒྱུ་མའི་ཁུར་བོ་ཇེ་ལྕི་རུ་མི་འགྲོ་བ་བྱ་དགོས། ཞིབ་མོར་ལྡད་ཅིང་དལ་མོར་མིད་ན། ཟ་མ་ཟ་ཚད་ལ་ཚོད་འཛིན་ལེགས་པོ་བྱེད་ཐུབ་པ་དང་། ཟ་མ་ཁམ་གང་རེ་མང་ཙམ་ལྡད་ན་འཇུ་བྱེད་གཤེར་ཁུ་དང་ཟས་རིགས་ཀྱི་འབྲེལ་གཏུག་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ། དེ་བས་འཇུ་སླ་བ་དང་ཕོ་རྒྱུ་ཡི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ། 

图片1(1).png

4.ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ། 

ཚོ་ཆེ་བའི་མི་ཚོགས་ལ་ཡོངས་ཁྱབ་ཏུ་ནང་ཁྲོལ་ཚིལ་ཅུང་མང་བ་དང་། དེ་ཕོ་བའི་འབྲས་སྐྲན་གྱི་ཉེན་ཁ་དང་འབྲེལ་བ་ཡོད། རིམས་ནད་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ནང་ཁྲོལ་ཚིལ་ནི་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་ཡིན། གཞན་ཡང་ཚོ་ཆེ་བ་ནི་འབྲས་སྐྲན་སྣ་ཚོགས་འབྱུང་བའི་ཉེན་ཁ་དང་འབྲེལ་བ་ཡོད་པས། ཕོ་བའི་འབྲས་སྐྲན་གྱི་ནད་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད་དུ་ནུས་པ་ངེས་ཅན་ཐོན་ཡོད།

གཟུགས་པོའི་སྟོན་གྲངས(BMI)ནི་མིག་སྔར་རྒྱ་ཁྱབ་ཏུ་སྤྱོད་པའི་མིའི་ལུས་ཕུང་ཚོ་མིན་ལ་བརྡར་ཤ་གཅོད་པའི་དམིགས་ཚད་ཅིག་ཡིན། གལ་ཏེBMI≥24ཡིན་ན། ལྗིད་ཚད་ལས་བརྒལ་བའི་ཁོངས་སུ་གཏོགས་པ་དང་། BMI≥28ཡིན་ཚེ། ཚོ་ཆེ་བའི་ཁོངས་སུ་གཏོགས། BMI=ལྗིད་ཚད(kg)/གཟུགས་པོའི་རིང་ཚད(m)ཀྱི་རང་ཉིས་སྒྱུར་ཡིན། དེས་མི་ཚད། སྐྱེས་པ་དར་མའི་རྐེད་འཁོར≥90cmདང་བུད་མེད་དར་མའི་རྐེད་འཁོར≥85cmཡིན་པ་ནི་གསུས་པ་ཚོ་ཆེ་བའི་རིགས་སུ་གཏོགས། BMIརྒྱུན་ལྡན་གྱི་ཁྱབ་ཁོངས་སུ་གཏོགས་ནའང་རྐེད་འཁོར་ཚད་གཞི་ལས་བརྒལ་ཡོད་ཚེ། ཚོ་བྱང་དུ་འཇུག་དགོས་པ་ཡིན།


མཉམ་སྤྱོད།