དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་ནད་སྔོན་འགོག་བྱེད་ཐབས།

2024-09-23 09:37:27   |   497

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་ནད་ནི་ཆེས་རྒྱུན་མཐོང་གི་ཁྲག་ཞན་པའི་ནད་ཅིག་ཡིན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བརྟག་དཔྱད་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་ཀྱི་མིའི10%ནས30%ལ་ཚད་མི་འདྲ་བའི་ལྕགས་རྒྱུ་ཆད་པའི་གནས་ཚུལ་ཡོད་པ་རེད།

གཅིག  ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་པའི་ནད་རྟགས།

ཁྲག་ཞན་པའི་ནད་རྟགས་ལ་ཤུགས་མེད་པ་དང་ཐང་ཆད་སླ་བ། མགོ་ཡུ་འཁོར་བ། མགོ་ན་བ། མིག་འཕྲུལ་བ། རྣ་འུར་བ། སེམས་འཚབ་པ། དབུགས་ཧལ་བ། ཟས་ཀྱི་ཡི་ག་མེད་པ། ངོ་མདོག་སྐྱ་བོ་ཡིན་པ། སྙིང་ལྡིང་ཚད་མགྱོགས་པ་སོགས་ཡོད།

གཉིས།  ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་ནད་ཀྱི་འབྱུང་རྐྱེན།

1.ལྕགས་རྒྱུ་བསྡུ་ལེན་མ་འདང་བ། ཕྲུ་གུ་དམར་འབྱར་དང་བྱིས་པ། གཞོན་ནུ་ལོ་ཆུང་། སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་བུད་མེད་བཅས་ལ་འབྱུང་བ་མང་།

2.ལྕགས་རྒྱུ་བསྡུ་ལེན་བྱེད་པར་འགལ་རྐྱེན་བྱུང་བ། ཕོ་བར་གཤགས་བཅོས་ཆེ་བའི་རིགས་བྱས་རྗེས་ཕོ་སྐྱུར་ཟགས་ཐོན་གྱིས་མ་འདང་བ་དང་། ཟས་རིགས་ཀྱིས་ལྕགས་རྒྱུ་བསྡུ་ལེན་བྱེད་པའི་གནས་གཙོ་བོ་སྟེ་རྒྱུ་སོར་བཅུ་གཉིས་གཡོལ་ནས་མྱུར་མོར་རྒྱུ་སྟོང་ནང་དུ་སོང་བས། ལྕགས་རྒྱུ་བསྡུ་ལེན་བྱེད་པར་བཀག་འགོག་ཐེབས་པ། 

3.ལྕགས་རྒྱུ་ཕྱིར་ཤོར་བ་མང་དྲགས་པ། དུས་ཡུན་རིང་བོར་དལ་བའི་རང་བཞིན་གྱི་ལྕགས་རྒྱུ་ཕྱིར་ཤོར་བ་གསོ་བཅོས་མ་བྱས་ཚེ། ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་ནད་འབྱུང་སླ།

གསུམ།  ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་ནད་སྔོན་འགོག་བྱེད་ཐབས།

བྱིས་པ་ལོ་ཆུང་ལ་མཚོན་ན། ལྕགས་རྒྱུ་འདུས་ཚད་མང་བའི་ཟས་རིགས་ཏེ། དཔེར་ན་སྒོ་ངའི་རིགས་དང་མཆིན་པ། ཚོད་སྣག་སོགས་ཁ་སྣོན་བརྒྱག་དགོས་པ་དང་། གཞོན་ནུ་ལོ་ཆུང་དག་ཟ་མར་ཁ་འདེམས་ཆེ་བ་ཡོ་བསྲང་བྱ་དགོས་ཤིང་། དུས་ལྟར་གཞན་བརྟེན་སྲིན་འབུའི་ནད་འགོས་ཡོད་མེད་བརྟག་དཔྱད་དང་གསོ་བཅོས་བྱ་དགོས།

སྦྲུམ་མ་དང་ཕྲུ་གུར་ནུ་མ་སྣུན་བཞིན་པའི་བུད་མེད་ཀྱིས་ལྕགས་རྒྱུ་ཁ་གསབ་རྫས་འཐུང་ཆོག

ཟླ་མཚན་འབབ་པའི་དུས་ཀྱི་བུད་མེད་ཚོས་ཟླ་མཚན་མང་དུ་འབབ་པ་འགོག་བཅོས་བྱ་དགོས།

ལོ་རྒས་པ་དང་བསྟུན་ནས་ཕོ་བའི་བསྡུ་ལེན་གྱི་ནུས་པ་ཇེ་ཆུང་དུ་འགྲོ་བ་དང་ནད་རྙིང་ཅུང་མང་བས། སྐྱུར་འགོག་སྨན་འཐུངས་ནས་ལྕགས་རྒྱུ་ཆད་པའི་རང་བཞིན་གྱི་ཁྲག་ཞན་ནད་ཕོག་པར་དོགས་ཟོན་བྱ་དགོས། 


མཉམ་སྤྱོད།