དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྙིང་གཟེར་ནད་ལ་རིགས་གང་དག་ཡོད་དམ།

2024-09-30 08:50:42   |   521

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

01 གབ་པའི་རང་བཞིན་གྱི་སྙིང་གཟེར་ནད།

འཕར་རྩ་དོག་ཚད་དེ་འདྲའི་ཚབས་ཆེན་མིན་པའམ།  གཞོགས་ལག་འཁོར་རྒྱུག་ཚབ་བརྗེ་ཅུང་ལེགས་པས། ནད་པར་དུས་རྒྱུན་མི་བདེ་བའི་ཚོར་བ་གང་ཡང་མེད་ལ།  སྙིང་གི་གློག་རིས་བརྟག་དཔྱད་བྱས་ནའང་རྒྱུན་ལྡན་མིན་པའི་སྣང་ཚུལ་གྱི་ཆ་ཤས་ཙམ་ལས་མི་མཐོང་ཞིང་།  ཆ་ཤས་གཞན་དག་ནི་སྙོམ་ལེབ་འགུལ་སྐྱོད་ཚོད་ལྟ་བྱས་ན་ད་གཟོད་ཤེས་ཐུབ། 

02 སྙིང་གཅུས་གཟེར།

གནས་སྐབས་རང་བཞིན་གྱི་སྙིང་ཤར་ཁྲག་དང་དབྱང་རླུང་ཆད་པ་སྟེ།  ནད་པའི་བྲང་ཁར་འཚང་གཟེར་ལངས་པ་དང་ཤུགས་ཆེན་པོས་གནོན་པ་ལྟ་བུའི་བཅུམ་ཚོར་འབྱུང་བ།  གཞན་ད་དུང་ཐང་ཆད་པ་དང་ཡིད་གཡོ་བ།  གྲང་ངར་ལ་སྐྲག་པ་སོགས་ཀྱང་བྱེད། 

03 སྙིང་ཤ་ཁེགས་ཤི

པྲོག་དབྱིབས་འཕར་རྩའི་ནད་ཀྱི་རྨང་གཞིའི་སྟེང་།  པྲོག་དབྱིབས་འཕར་རྩའི་ཁྲག་རྒྱུན་ལམ་སང་ཇེ་ཉུང་ལ་སོང་བའམ་ཆད་པ་སོགས་བྱས་ཚེ།  དེའི་ངོས་ཐད་ཀྱི་སྙིང་ཤར་ཚབས་ཆེ་ཞིང་ཡུན་རིང་བའི་གློ་བུར་ཁྲག་ཆད་པའི་སྣང་ཚུལ་འབྱུང་ངེས་ལ།  མཐའ་མར་སྙིང་ཤ་ལ་ཁྲག་ཆད་དེ་ཤི་བ་ཡིན།  དོས་དྲག་སྙིང་ཤ་ཁེགས་ཤའི་ནད་པ་ལ་དུས་རྒྱུན་ཡུན་རིང་ལ་བྲང་རུས་ན་བ་དང་དྭངས་ཁྲག་སྙིང་ཤའི་ཀན་ཇེ་མཐོར་འགྲོ་བ།  སྙིང་གི་གློག་རིས་ལ་བརྟག་ན་སྙིང་ཤ་མྱུར་བར་རྨས་པ་དང་ཁྲག་ཆད་པ།  ཤི་བ་སོགས་ཀྱི་འགྱུར་ལྡོག་ཡོད་ལ།  སྙིང་ལྡིང་ཚད་རྒྱུན་ལྡན་མིན་པ་དང་བརྒྱལ་བ།  སྙིང་ནུས་པ་ཉམས་པ་སོགས་བྱེད།

04  ཁྲག་ཆད་པའི་རང་བཞིན་གྱི་སྙིང་ཤའི་ནད།

འདི་ནི་སྙིང་གཟེར་ནད་ཀྱི་འཕྱི་དུས་ལ་གཏོགས་ཤིང་།  པྲོག་དབྱིབས་འཕར་རྩར་འཇམ་འདྲའི་སྲ་འགྱུར་བྱུང་བ་ལ་རྐྱེན་བྱས་ཏེ།  སྙིང་ཤ་ལ་དུས་ཡུན་རིང་བོར་ཁྲག་ཆད་པས་སྙིང་ཤའི་སྦོས་སྐུམ་བྱེད་ནུས་ལ་གནོད་སྐྱོན་ཕོག་སྟེ་སྙིང་ཇེ་ཆེར་འགྱུར་བ་དང་སྲ་མཁྲེགས་སུ་འགྱུར་བ།  ཁྲག་གསོག་རང་བཞིན་གྱི་སྙིང་ནུས་ཉམས་པ།  སྙིང་ལྡིང་ཚད་རྒྱུན་ལྡན་མིན་པ་སོགས་ནད་རྟགས་མང་པོ་འདུས་པའི་ཕྱོགས་བསྡུས་ནད་ཅིག་ཡིན་ལ།  དྲག་བསྐྱེད་འབྱུང་ཚད་ཅུང་དམའ། 

05 འཕྲལ་ཤིའི་སྙིང་ནད། 

དོས་དྲག་པྲོག་དབྱིབས་འཕར་རྩའི་ཕྱོགས་བསྡུས་ནད་རྟགས་བྱུང་རྗེས།  གློ་བུར་དུ་སྙིང་ཤར་ཁྲག་ཆད་པ་ཡིས་ནད་པའི་སྙིང་གི་གློག་འགུལ་སྐྱོད་འཁྲུགས་པར་བྱས་ཏེ།  སྙིང་ལྡིང་ཚད་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་ལ།  གལ་ཏེ་སྐབས་འདིར་ནད་པ་ལ་དུས་ཐོག་ཏུ་གློ་སྙིང་སླར་གསོ་བྱེད་མ་ཐུབ་ཚེ།  འཕྲལ་ཤི་ཐེབས་སྲིད། 


མཉམ་སྤྱོད།