དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྙིང་རྩ་འགགས་པའི་ནད།

2024-12-17 09:36:51   |   57

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ནད་འདི་ནི་པྲོག་དབྱིབས་འཕར་རྩར་ནད་འགྱུར་བྱུང་བའི་རྨང་གཞིའི་སྟེང་།  པྲོག་དབྱིབས་འཕར་རྩའི་ཁྲག་གི་མཁོ་སྤྲོད་འཕྲལ་ཏུ་ཇེ་ཉུང་དུ་སོང་བའམ་འཚམས་ཆད་དེ་དེ་བསྟུན་གྱི་སྙིང་ཤ་ལ་ཚབས་ཆེ་ཞིང་ཡུན་རིང་བའི་མྱུར་གཤིས་རང་བཞིན་གྱི་ཁྲག་ཆད་པ་ལས་སྙིང་ཤ་ཁྲག་ཆད་རང་བཞིན་གྱིས་ཤི་བ་ཡིན། 

མྱུར་གཤིས་རང་བཞིན་གྱི་སྙིང་ཤ་ཁེགས་ཤིའི་ནད་པ་ཕལ་ཆེར་ནད་མ་བྱུང་བའི་སྔོན་གྱི་ཉིན་འགའ་ནས་གཟའ་འཁོར་འགའ་ལ་སྔ་ལྟས་དུ་མ་ཡོད།  དཔེར་ན།  སྒྱིད་ལུག་པ་དང་།  དང་ག་མི་བདེ་བ།  འགུལ་སྐྱོད་བྱེད་པའི་སྐབས་སེམས་དངངས་པ།  སེམས་འཚུབ་པ།  སྙིང་གཟེར་བ་སོགས་ཀྱི་ནད་རྟགས་ཡོད།  ལྷག་པར་དུ་ཐོག་བྱུང་རང་བཞིན་གྱི་སྙིང་གཟེར་དང་སྡུག་འགྱུར་རང་བཞིན་གྱི་སྙིང་གཟེར་ལ་མཉམ་འཇོག་དགོས།  གལ་ཏེ་གཤམ་ལྟར་མི་བདེ་ན་ཕལ་ཆེར་སྙིང་ཤ་ཁེགས་ཐོགས་བྱུང་བར་དོགས་ཟོན་བྱེད་དགོས།

ནད་རྟགས།

1 སྙིང་གི་མདུན་གནས་དང་བྲང་རུས་ཀྱི་རྒྱབ་ཏུ་ན་ཟུག་དྲག་པོ་སྐྱེས་པ་དང་།  དེ་དང་མཉམ་དུ་རྔུལ་ཆུ་མང་དུ་བཞུར་བ།  སེམས་འཚུབ་པ།  དངངས་སྐྲག་སྐྱེས་ཤིང་ཉེ་བར་ཤི་འགྲོ་བར་སྙམ་པ་དང་།  ན་ཟུག་ལ་ལ་སྐེད་རྒྱབ་དང་སྐེ་ལ་འཕྲོས་ཏེ་སྐར་མ30ལ་སྐྱེས་ཤིང་།  ཟེ་སྐྱུར་མངར་སྣུམ་ཁ་རུ་མུར་ཡང་བདེ་རུ་མི་འགྲོ།

2 ནད་པ་ཁ་ཤས་ལ་མངོན་གསལ་གྱི་ན་ཟུག་མེད་ཀྱང་།  གློ་བུར་དུ་སྙིང་འགྲོས་འཆོལ་བ་དང་།  མགོ་ཡུ་འཁོར་བ།  སྒྱིད་ལུག་པ།  ཟི་འཁོར་འབྱུང་བ་མ་ཟད།  དེ་སྔོན་སྙིང་ནད་བྱུང་བའི་ལོ་རྒྱུས་ཡོད།

3 རྒྱུ་རྐྱེན་མི་གསལ་བར་བརྒྱལ་བ།

4 རྒྱུ་རྐྱེན་མི་གསལ་བར་གློ་བུར་དུ་སྙིང་ཤུགས་ཉམས་པ་དང་།  རྟགས་སུ་འཚངས་ཤིང་བརྒྱངས་པ་དང་།  ལེབ་ཏུ་ཉལ་མི་ཐུབ་ན།  རྒན་པོ་རྣམས་ལ་ལྷག་པར་དུ་སྙིང་ཤ་ཁེགས་ཤི་འབྱུང་བར་དོགས་ཟོན་བྱེད་དགོས།

5 ནད་པ་ཁ་ཤས་ལ་རྒྱུ་རྐྱེན་མེད་པར་གློ་བུར་དུ་གསུས་པ་ན་བ་དང་།  དེ་དང་མཉམ་དུ་རྔུལ་ཆུ་མང་དུ་བཞུར་བ།  སྐྱུག་མེར་ལངས་པ་དང་སྐྱུགས་ན།  སྙིང་ཤ་ཁེགས་ཐོགས་བྱུང་བར་མཉམ་འཇོག་བྱེད་འོས།

གསོ་ཐབས།

1 ཁྱིམ་དུ་འདི་ལྟ་བུའི་ནད་པ་བྱུང་ན་ངེས་པར་དུ་སེམས་ལྷོད་ལ་བབས་ཏེ་བྲེལ་འཚུབ་ངང་ནད་པ་སྨན་ཁང་དུ་མི་བསྐྱལ་བར།  གནས་དེ་རུ་ནད་པ་མྱུར་སྐྱོབ་བྱེད་དགོས།  ནད་པ་ལེབ་ཏུ་བསྙལ་ནས་ངལ་གསོ་བ་དང་།  ལྷིང་འཇགས་ཧའོ་ཁེ5འཐུང་དུ་འཇུག་དགོས། 

2 ཟེ་སྐྱུར་མངར་སྣུམ་ཧའོ་ཁེ0.5(ལེབ་མོ1)ལྕེ་འོག་ཏུ་མུར་བ་དང་།  ཡང་ན་ཕན་སྐྱེན་སྙིང་སྐྱོབ་རིལ་བུ10བསྟེན་དགོས།

3 ཆ་རྐྱེན་འཛོམས་ན་དབྱང་དབུགས་རྔུབ་དགོས།

4 ནད་པའི་རྩའི་འཕར་ཚུལ་དང་དབུགས་ཀྱི་འབྱིན་རྔུབ།  ཤེས་པའི་འགྱུར་ལྡོག་སོགས་ལ་ལྟ་རྟོག་ནན་མོ་བྱེད་དགོས།

5 གལ་ཏེ་ནད་པའི་དབུགས་ཀྱི་འབྱིན་རྔུབ་དང་།  སྙིང་གི་འཕར་མཚམས་ཆད་ཚེ།  མྱུར་དུ་བྲང་ཁའི་སྟེང་ནས་སྙིང་ཁར་གནོན་པ་དང་།  ཁ་གཏད་དེ་མིས་བཟོས་དབུགས་ཀྱི་འབྱིན་རྔུབ་བྱེད་དགོས།

6 ཁྱིམ་དུ་གསོ་བཅོས་བྱེད་པ་དང་མཉམ་དུ་མྱུར་དུ་མྱུར་སྐྱོབ་རླངས་འཁོར་ལ་བརྡ་གཏོང་བ་དང་།  ཆེད་ལས་སྨན་པས་ནད་པ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོས།  ལམ་བར་དུ་སེམས་ཆུང་བྱེད་དགོས་པ་དང་།  ཅི་ནུས་ཀྱིས་གསིག་སྤྲུག་བྱེད་མི་རུང་།

7 ཟས་ཀྱིས་བཅོས་པ་ལ།  ཕྱི་ལུགས་གསོ་རིག་ལྟར་ན།  ཤ་ཚོན་པོ་དང་ཚིལ།  ནང་ཁྲོལ།  མར། སྒོ་ང་།  མངར་ཟས།  ཁྲོག་ཁུ་ལེ།(巧克力)ཚྭའི་རིགས་མི་འཕྲོད་པས་སྤང་བ་དང་།  སྤྲིས་མ་ལངས་པའི་འོ་མ་དང་།  སྒོང་སྤྲིས།(蛋清)ཕག་དང་ནོར་ལུག་གི་ཤ་སྣག  བྱ་ཤ  ཉ་ཤ(མཚོ་ཉ།)རི་བོང་ཤ  ཤ་མོང་།  སྲན་བཤོས(豆制品)སྔོ་ཚོད་དང་སིལ་ཏོག་གསར་བ།  ཇ་འཕྲོད་པས་གང་འཚམ་བསྟེན་ཆོག


མཉམ་སྤྱོད།