དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་རང་བཞིན་གྱི་གློ་ཡུའི་ཚ་ནད།

2025-01-07 16:35:51   |   692

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གྲང་ངར་ཆེ་བའི་དུས་ཚིགས་དང་གནམ་གཤིས་འགྱུར་ལྡོག་ཆེ་བས་བསླངས་པ་མང་ལ། ཕལ་ཆེར་ནད་དུག་དང་ཕྲ་སྲིན་གྱིས་རེད་དེ་གློ་ཡུ་དང་གློ་ཡུའི་ཡན་ལག་གི་འབྱར་སྐྱི་ལ་མྱུར་གཤིས་ཀྱི་ཚ་ནད་བྱུང་བ་ཡིན།

ནད་རྟགས།

སྔོན་རྟགས་ལ་སྣ་འགགས་པ་དང་། སྣ་ཆུ་འཛག་པ་དང་། དེ་ནས་གློ་ལུ་བ་དང་། ལུད་པ་ལུ་བ་ཡིན། ཐོག་མར་སྐམ་ལུད་དམ་ཡང་ན་འབྱར་བག་རང་བཞིན་གྱི་ལུད་པ་ཉུང་ངུ་ལས་རིམ་བཞིན་རྣག་དང་འདྲ་བའི་ལུད་པ་ལུ། སྐབས་འགར་དབུགས་འཚངས་པ་ཡིན། ལུས་དྲོད་སྤྱིར་བཏང་ཏུའུ37—38བར་དང་། ཉིན3—5བར་རྒྱུན་མཐུད་དེ་འབྱུང་ལ། ལུས་དྲོད་རིམ་བཞིན་རྒྱུན་ལྡན་དུ་འབབ་ཐུབ་ཀྱང་། གློ་ལུ་བ་གཟའ་འཁོར2—3བར་བསྟུད་མར་བྱུང་རྗེས་གཞི་ནས་མཚམས་ཆད་པ་ཡིན།

སྔོན་འགོག

1 དྲོད་ལ་བསྒོར་བ། མལ་དུ་ཉལ་ནས་ངལ་གསོ་བ་དང་། ཆུ་མང་དུ་འཐུང་བ། འཚོ་བཅུད་འདང་ངེས་ཀྱི་བཟའ་བཏུང་ལོངས་སུ་སྤྱོད་པ།

2 ས་རྡུལ་དང་གནོད་པ་ཡོད་པའི་མཁའ་རླུང་འབྱིན་རྔུབ་མི་བྱེད་པ།

གསོ་ཐབས། 

1 གློ་འཇགས་པ། དཔེར་ན་ཤིང་མངར་ལེབ་མོ(甘草片)གཉིས་འཐུང་བའམ་ཡང་ན་གློ་འཇགས་ཧྭགས་ཁུ་ཉིན་གཅིག་ལ་ཐེངས3རེ་འཐུང་དགོས། 

2 ལུད་པ་འགོག་པ། དཔེར་ན། མང་སྦྱོར་ཏན་འགྱུར་ཨེན་དང་པོར་ཆ་ཞིན(沐舒坦)སོགས་བསྟེན་རྒྱུ།

3 འཁུམས་པ་བཀྲོལ་བ་དང་། ཚོར་ཐལ་འགོག་པ། དཔེར་ན། ཨེན་ཇ་བུལ(氨茶碱)དང་སལ་ང་ཨེན་ཕྲུན།(沙丁胺醇)ཕོར་མིན(扑尔敏)སོགས་བསྟེན་རྒྱུ།

4 སྲིན་འགོག་སྨན། ཨ་མོ་སི་ལིན(阿莫西林)དང་ཧམ་དམར་རྒྱུ།(红霉素)སོགསབསྟེན་རྒྱུ།

5 བོད་ལུགས་གསོ་རིག་ལྟར་ན། ཚད་རྙིང་འདོན་པ་དང་གཉན་ཁ་གཅོག་པ། བད་ཀན་གྱི་འབྱར་བག་གཅོད་པ། ལུད་པ་འགོག་བདེ་རུ་གཏོང་བ་བཅས་བྱེད་དགོས་སྟབས་ཁོང་སྨན་ལ། སྤང་རྒྱན་བཅུ་པ་དང་། སྲོ་ལོ་བཞི་ཐང་། སྤང་རྒྱན་བཅོ་ལྔ། སྤང་ཁྲག་བཅོ་ལྔ། གྲུབ་ཐོབ་རིལ་དཀར་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱི་སྒོ་ནས་བེད་སྤྱོད་པ་དང་། དེ་མིན་གློ་བུག་གི་བད་ཀན་ནམ་ལུད་པ་སྦྱང་བའི་ཆེད་དུ་སྤྱང་ཚེར་ལྔ་པའི་སྐྱུགས་གཏོང་བ་དང་། དེ་བཞིན་སྟར་བུ་ལྔ་པ་དང་མཱུ་ལ་ལྔ་པ། པི་ལིང་ལྡེ་གུ་སོགས་ཀྱིས་ལུད་པ་གྱེན་དུ་འདྲེན་པ་བཅས་བྱེད་དགོས་ལ། གཞན་ཡང་རྒན་པོ་རླུང་ཤས་ཆེ་བའི་རིགས་ལ་ཨ་གར་བཅོ་ལྔ་དང་། སྤང་རྒྱན་བཅོ་ལྔ་སོགས་ཀྱིས་རླུང་ཁ་གནོན་དགོས།

6 ཟས་ཀྱིས་བཅོས་པ་ལ། བ་ཡི་འོ་མ་དང་སྒོ་ང་། རྒུན་འབྲུམ་སོགས་ཤིང་ཏོག་གསར་བ། སྦྲང་རྩི་དང་ཀ་ར། ཚལ་རིགས་གསར་བ་སོགས་མདོར་ན་གསར་བཅུད་ལྡན་པའི་ཟས་སྐོམ་རིགས་བསྟེན་ཏེ་ལུས་ཟུངས་གསོ་བ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས།


མཉམ་སྤྱོད།