དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​གློ་འབྲས།

2025-01-09 09:39:21   |   890

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

གློ་འབྲས་ལ་གདོད་བྱུང་རང་བཞིན་གྱི་གློ་ཡུའི་ཡན་ལག་གི་གློ་འབྲས་ཀྱང་ཟེར། ཆེས་རྒྱུན་མཐོང་གི་གདོད་བྱུང་རང་བཞིན་གྱི་སྐྲན་ནག་ཅིག་ཡིན། སྤྱིར་བཏང་དུ་དུས་ཡུན་རིང་བོར་ཐ་མག་མང་དུ་འཐེན་པ་སྟེ། ཉིན་གཅིག་ལ་རྐང་གྲངས20དང་བསྟུད་མར་ལོ10ཡན་འཐེན་པ་ལ་འབྱུང་སླ། རླུང་ཁམས་ཆེན་པོར་འབག་བཙོག་བཟོས་པ། རྡོ་ཐལ་གྱི་ཚ་སྣོན་ཐོན་རྫས་དང་རྡོ་རྒྱུས།(石棉) ཀུའུ།(铬) ཧྲུན།(砷)ནད། རྡོལ་སོལ་འཚིག་སྣུམ།(煤焦油) ལ་ཆའི་དུ་རྡུལ།(沥青烟尘) སྐེ་ཚེའི་དུག་རླངས(芥子气)དང་། འགྱེད་འཕྲོ་རང་བཞིན་གྱི་དངོས་རྫས། དཔེར་ན། ཡུག(铀)དང་ལེའེ(镭)སོགས། དེ་མིན་ནད་དུག་གིས་རེད་པ་དང་། ལུས་པོའི་ནད་འགོག་ནུས་ཤུགས་ཞན་པ་དང་། ནང་གི་ཟགས་ཐོན་འཁྲུགས་པ། ཁྱིམ་བརྒྱུད་སོགས་ལ་ཡང་འབྲེལ་བ་ཡོད།

ནད་རྟགས།

ནད་ཐོག་མའི་སྐབས་སུ་བྲང་མི་བདེ་བ་དང་། གློ་ལངས་ནས་ལུད་པའི་ནང་ཁྲག་དོན་པ། དབུགས་འབྱིན་རྔུབ་དཀའ་བ། དེ་ནས་རིམ་བཞིན་ཚ་རྒྱས་པ་དང་གློ་ལངས་ནས་ཁྲག་མང་པོ་དོན་པ། རོ་སྟོད་རྒྱངས་པ། དབུགས་ཐུང་བ། དབུགས་འབྱིན་རྔུབ་བྱེད་པར་དཀའ་ལས་ཆེ་བ། སྐད་འཛེར་བ། ལུས་སྟོབས་ཉམས་ཤིང་རིད་པ། ཟུངས་ཁྲག་ཟད་པ། འབྲས་ནད་ཆེར་རྒྱས་ན་གཡས་གཡོན་ཕར་ཚུར་ལ་གནོད་པ་ཐེབས་ཏེ་ཟས་མིད་དཀའ་བ་དང་མགོ་སྐེའི་རྩ་འབུར་བ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

སྔོན་འགོག

ཟས་སུ་སྔོ་ངད་དང་དཀར་ཟས། ཆང་སྐྱུར་དང་ཉ་ཤ ཟས་རུལ་བ་སོགས་གནོད་པས་སྤང་དགོས།

གསོ་བཅོས། 

1 ནད་འདི་བྱུང་ཡོད་པར་དོགས་ན། མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་བཅོས་དང་། ངོས་འཛིན་གསལ་བོར་བྱེད་དགོས་པ་དང་། འགོར་འགྱངས་སུ་གཏོང་མི་རུང་།  

2 བོད་ལུགས་གསོ་རིག་ལྟར་ན། ནད་ཐོག་མའི་སྐབས་སུ་གཙོ་བོ་ཉེར་ལྔ་དང་ཅུ་གངཉེར་ལྔ། གི་ཙན(གི་ཝང་དགུ་པ་དང་ཙན་དན་བཅོ་བརྒྱད་བསྲེས་པ)སོགས་བསྟེན་དགོས།


མཉམ་སྤྱོད།