དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དགུན་ཁར་འདྲུད་འཐེན་འཁོར་ལོ་ལ་བདག་སྐྱོང་བྱེད་སྐབས་ཀྱི་འཛེམ་བྱ་དྲུག

2025-01-09 15:54:48   |   705

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


དགུན་ཁར་ནམ་ཟླ་འཁྱག་ཅིང་དྲོད་ཚད་འགྱུར་ལྡོག་ཆེ་བའི་སྐབས། རོང་འབྲོག་པ་ཁ་ཤས་ཀྱིས་འདྲུད་འཐེན་འཁོར་ལོ་སོགས་འཕྲུལ་ཆས་ཡོ་བྱད་ཀྱི་བདག་སྐྱོང་ལ་མཐོང་ཆེན་མི་བྱེད་པས། དགོས་མེད་ཀྱི་གྱོང་གུད་སྣ་ཚོགས་ཐེབས་བཞིན་ཡོད། འདིར་ཀུན་ལ་གསལ་འདེབས་ཀྱི་ཚུལ་དུ། འདྲུད་འཐེན་འཁོར་ལོ་ལ་བདག་སྐྱོང་བྱེད་སྐབས་ཀྱི་འཛེམ་བྱ་དྲུག་བཀོད་ཡོད་པ་གཤམ་གསལ་ལྟར།

གཅིག དུས་ཚིགས་བརྗེ་སྐབས་ཀྱི་བདག་སྐྱོང་བརྗེད་མི་རུང་སྟེ། དགུན་ཁ་མ་བསླེབས་གོང་དུ། འདྲུད་འཐེན་འཁོར་ལོའི་ལྷུ་ལག་ངོས་ཀྱི་དྲེག་པ་འབྲད་པ་དང་གཙང་འཁྲུད་བྱེད་པ། སྙོམ་སྒྲིག་བྱེད་པ། འདྲེད་སྣུམ་བྱུག་པ། དབུགས་སྒོའི་བར་གསེང་དང་སྣུམ་སྦུད་ཆས་ཀྱི་སྔ་རུ་སོགས་ལག་རྩལ་དམིགས་ཚད་རྣམས་ཚད་ལྡན་གྱི་ཁྱབ་ཁོངས་སུ་གནས་པར་བྱེད་པ། ཕྱེ་སྦྲེལ་ཆས་དང་སྒོག་ཆས། ཁ་སྒྱུར་ཆས་སོགས་ལ་ཕྱོགས་ཡོངས་ནས་སྙོམ་སྦྱོར་བྱས་ཏེ། འདྲུད་འཐེན་འཁོར་ལོའི་ལག་རྩལ་གནས་སྟངས་ལེགས་པོར་ཡོད་པ་ཁག་ཐེག་བྱས་ནས། དགུན་སྒྲོལ་བ་ལ་རྨང་གཞི་ཡག་པོ་འདིང་དགོས། 

གཉིས། མེ་སྒོ་བ་དང་འདེད་པ། ཐུར་ལ་རྒྱུག་ཏུ་འཇུག་པ། མེ་འཇོག་པ། ཁ་གྲག་རྗེས་ཆུ་ཁོལ་སྣོན་པ། སྣུམ་སྦུད་གནོན་ཤུགས་གློད་པ་སོགས་ནོར་འཁྲུལ་གྱི་བྱེད་ཐབས་སྤྱད་དེ་ཁ་གྲག་ཏུ་འཇུག་མི་རུང་། 

གསུམ། འཁྱག་ཆུ་མེད་པར་ཁ་གྲག་ཏུ་འཇུག་མ་རུང་སྟེ། ཐོག་མར་ཆུ་སྣོན་སྐབས་གདུ་བཞིན་པའི་ཆུ་ཁོལ་སྣོན་མི་རུང་། དེ་ལྟར་བྱས་ན་ཚ་དྲོད་ཕྱོགས་གཅིག་ཏུ་འདུས་ཏེ་འཕྲུལ་ཆས་གས་པའི་ཉེན་ཁ་ཡོད། 

བཞི། འཁྱག་ཆུ་ཆ་ཚང་ཕྱིར་གཏོང་རྒྱུ་བརྗེད་མི་རུང་སྟེ། འཁྱག་འགོག་ཆུ་བླུགས་མེད་པའི་འདྲུད་འཐེན་འཁོར་ལོ་དྲོད་ཚད4℃ཡི་མན་དང་མཚན་མོའི་དུས། ཡུན་རིང་ལ་འཇོག་སྐབས་སོགས་སུ་འཁྱག་ཆུ་ཆ་ཚང་ཕྱིར་གཏོང་དགོས།

ལྔ། ཚད་ལྡན་མིན་པའི་ཁྲེ་སྣུམ་དང་འཕྲུལ་སྣུམ་ལྡུག་མི་རུང་སྟེ། འདྲེད་འཐེན་འཁོར་ལོའི་ཁྲེ་སྣུམ་གྱི་ཟོང་རྟགས་ནི་ས་གནས་དེ་གའི་དྲོད་ཚད་གཞིར་བཟུང་ནས་གཏན་འཁེལ་བྱ་དགོས། དེ་ཡང་ཆེས་དམའ་བའི་དྲོད་ཚད0ནས-5བར་ཡིན་སྐབས་ཁྲེ་སྣུམ-10པ་དང་། ཆེས་དམའ་བའི་དྲོད་ཚད-10ནས-15བར་ཡིན་སྐབས་ཁྲེ་སྣུམ-20པ། ཆེས་དམའ་བའི་དྲོད་ཚད-30ལས་མི་དམའ་བའི་སྐབས་ཁྲེ་སྣུམ-35པ། ཆེས་དམའ་བའི་དྲོད་ཚད-40ཡས་མས་ཡིན་པའི་མཐོ་གྲང་ས་ཁུལ་དུ་ཁྲེ་སྣུམ-50པ་བཅས་སྤྱོད་དགོས། 

དྲུག ཁ་ལོ་སྐོར་སྟངས་མི་ལེགས་པ་དང་། རྒྱུན་སྲོལ་དང་འགལ་བའི་བྱ་སྤྱོད་དེ་དཔེར་ན་དུས་ལྟར་ཁྲེ་སྣུམ་མི་སྣོན་པ་སོགས་ལ་འཛེམ་དགོས། དགུན་ཁར་འདྲུད་འཐེན་འཁོར་ལོའི་མེ་མ་ཞུ་བའི་སྔོན་ལ་སྣུམ་སྒམ་དུ་ཁྲེ་སྣུམ་གང་ལྡུག་དགོས་ཤིང་། དེ་ལྟར་མ་བྱས་ཚེ། སྣུམ་སྒམ་ནང་དུ་ཆུ་ཐིགས་ཆགས་ནས། སྒུལ་བྱེད་འཕྲུལ་འཁོར་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་མི་ཐུབ།


སྐབས་སྔོན་མ། ​གློ་འབྲས།
སྐབས་རྗེས་མ། གློ་རྣག
མཉམ་སྤྱོད།