དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་རྣག

2025-01-10 10:18:40   |   908

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གློ་རྣག(肺脓肿)ནི་རྣག་གཤིས་ཕྲ་སྲིན་གྱིས་རེད་པའི་རྐྱེན་གྱིས་གློ་བའི་ཕུང་གྲུབ་ལ་ཚ་ནད་རྒྱས་ཏེ་ཤི་འདྲུལ་བྱུང་བ་དང་། རིམ་བཞིན་རྣག་སྐྲངས་སུ་འགྱུར་བ་ཡིན། ཡང་ན་གློ་ཡུ་འགག་པ་དང་ལུས་པོའི་ནད་འགོག་ནུས་ཤུགས་ཇེ་ཞན་དུ་སོང་བ། སྦག་པའི་དངོས་པོ་རྔུབ་པའམ་ཁྲག་ཁུངས་རང་བཞིན་གྱི་རེད་པ་ལས་བསྐྱེད་པ་ཡིན།

ནད་རྟགས། 

རེད་པའི་དངོས་པོ་རྔུབ་པའི་ལོ་རྒྱུས་ཡོད། དཔེར་ན། ཟས་གློ་ཡུར་ཤོར་བ་དང་ཆུ་ལ་བྱིང་བ། ཡང་ན་རྣག་གཤིས་ཟགས་རྫས་གློ་ཡུར་སོང་བ། ཡང་ན་སྡོད་རྩའི་ཚ་ནད་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡོད། ཡང་ན་གློ་ཡུའི་ཡན་ལག་རྒྱ་སྐྱེད་ནད(支气管扩张)དང་ཁོང་སྟོང་རང་བཞིན་གྱི་གློ་གཅོང་བྱུང་བའི་ལོ་རྒྱུས་ཡོད། ནད་མགོ་ལྡང་མྱུར་བ་དང་། ཚ་ཆེར་རྒྱས་པ་དང་གྲང་བར་སྐྲག་པ། གློ་དང་ལུད་པ་ལུ་བ་ཡིན། བརྒྱ་ཆའི50ཡི་ནད་པས་ཁྲག་ལུ་བ་ཡིན། དེ་དང་མཉམ་དུ་རྣག་དང་རྣག་ཁྲག་འདྲེས་པའི་ལུད་པ་མང་དུ་ལུ་བ་ཡིན། དལ་གཤིས་གློ་བའི་རྣག་སྐྲངས་ལ་ལུད་པ་ཅུང་མང་། མང་ཆེ་བ་དྲི་མ་དུགས་པ་དང་། ཉིན་རེར་ལུད་པའི་བོངས་ཧའོ་ཧྲིན500ལ་སླེབས་པ་ཡིན། ཚ་བ་བྲང་སྐྱི་ལ་བྱེར་ན་བྲང་ཁ་ན་བ་ཡིན།

གསོ་ཐབས།

1 ངལ་གསོ་བ་དང་། ཟས་བཅུད་ཤུགས་སྣོན་དགོས།

2 ཕན་ནུས་ལྡན་པའི་སྲིན་འགོག་རྒྱུ་དཔེར་ན་ཕེ་ནི་སི་ལིན(青霉素)བསྟེན་རྒྱུ།

3 ལུད་པ་བཞུར་འདྲེན་བྱེད་པར་ཤུགས་རྒྱག་པ་དང་། ལུད་འདྲེན་གྱི་འདུག་སྟངས་ནི་ལུད་པ་ཕྱིར་འདྲེན་པའི་ཆེས་སྟབས་བདེ་ཡི་ཐབས་ཤེས་ཤིག་ཡིན། ནད་འགྱུར་བྱུང་གནས་དེ་མཐོ་སར་བཞག་པ་དང་། གློ་ཡུའི་ཡན་ལག་ལས་བཞུར་འདྲེན་བྱེད་པའི་སྣེ་ཁ་ཐུར་དུ་བསྟན་ནས། གློ་ཡུའི་ཡན་ལག་ནང་གི་ལུད་པ་ལྗིད་ཤུགས་ཀྱི་དབང་གིས་ཡན་ལག་ནང་བཞུར་ཏེ་ཕྱིར་ལུ་བ་ཡིན།

4 ཚ་ཆེ་བ་རྣམས་ལ་ཚ་སེལ་སྨན་བསྟེན་ཆོག

5 གློ་ལུ་ཤིན་ཏུ་དྲགས་པ་རྣམས་ལ་འོས་འཚམ་གྱིས་ལུ་འཇགས་སྨན་བསྟེན་ཆོག

6 གློ་བའི་རྣག་སྐྲངས་ཀྱི་ནད་པ་དུས་ལྟར་ཚད་ལྡན་གྱི་སྨན་ཁང་དུ་བསྐྱལ་ནས་བརྟག་བཅོས་བྱེད་འོས་ཤིང་། ཚེ་སྲོག་ལ་གནོད་འཚེ་བྱུང་བར་དོགས་ཟོན་བྱེད་དགོས། དཔེར་ན། ཁོང་ནད་ཚན་ཁག་ལས་ཕན་བསྐྱེད་མེད་པ་དང་། རྣག་ཁོང་དུ་ཟིམ་མི་ནུས་ན། ཕྱི་ནད་ཚན་ཁག་གི་གཤག་བཅོས་ཀྱི་གསོ་ཐབས་ལ་བསམ་བློ་གཏོང་དགོས།

7 བོད་ལུགས་གསོ་རིག་ལྟར་ན། གཉན་ཚད་གཅོག་པ་དང་གློ་རྣག་སྐེམ་པ། གློ་བ་གསོ་བ། རླུང་ཁ་གནོན་པ་བཅས་ཀྱི་ཆེད་དུ་སྤྱིར་སྨན་བདུད་རྩི་འཆི་གསོས་དང་བསེ་རུ་ཉེར་ལྔ། ཟངས་ཐལ་ཉེར་ལྔ། ཅུ་གང་ཉེར་ལྔ་དང་གཙོ་བོ་ཉེར་ལྔ། ཡར་འདྲེན་བཅུ་གསུམ་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་ནད་རྟགས་དང་ལུས་ཁམས། ན་ཚོད་བཅས་དང་བསྟུན་ནས་གང་ལ་དེ་འཚམ་ལྟར་བསྟེན་པ་དང་། མཇུག་ཏུ་རླུང་ཁ་གནོན་པ་དང་ལུས་ཟུངས་གསོ་བའི་ཆེད་དུ་འབའ་སམ་སྨན་མར་དང་ཨ་གར་བཅོ་ལྔ་ལྟ་བུ་གཏོང་དགོས།

8 ཟས་ཀྱིས་བཅོས་པ་ལ། བ་ཡི་འོ་མ་དང་སྒོ་ང་། ཤིང་ཏོག ཉ་ཤ་སོགས་ཟས་སྐོམ་གསར་བཅུད་ཀྱིས་ལུས་ཟུངས་གསོ་དགོས།


མཉམ་སྤྱོད།