དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​གློ་བའི་ཁྲག་འཆག

2025-01-13 09:03:29   |   774

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གློ་བའི་ཁྲག་འཆག(肺淤血)ནི་སྙིང་ནད་སྣ་ཚོགས་ཀྱི་དབང་གིས་གློ་ཁྲག་སྙིང་དུ་ལོག་པར་འགོག་ཤུགས་ཐེབས་པའི་རྐྱེན་གྱིས་གློ་བའི་སྡོད་རྩའི་གནོན་ཤུགས་ཇེ་མཐོར་སོང་བ་བསྟུན་ནས་རབ་དང་རིམ་པའི་ནད་རྟགས་བྱུང་བ་དང་། ཆེས་མཐོང་བ་ནི་སྙིང་འདབ་རྩེ་གཉིས་དོག་འགགས་སུ་གྱུར་པ་དེ་ཡིན།

ནད་རྟགས།

མང་ཆེ་བར་སྙིང་ནད་ཀྱི་ལོ་རྒྱུས་ཡོད། གལ་ཏེ་སྙིང་གི་ནུས་པ་ཟད་པའི་སྐབས་སུ། རྒྱུན་པར་འགུལ་སྐྱོད་ཀྱི་རྗེས་སུ་སེམས་དངངས་པ་དང་། སྟོད་བརྒྱངས་པ་དང་། དབུགས་འཚུབ་པ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། སྐབས་རེར་ལུད་པ་ཟིང་སྐྱ་ལྦུ་བ་ཅན་ལུ་བ་ཡིན། ཚབས་ལྕི་བའི་སྐབས་སུ་གན་རྐྱལ་དུ་ཉལ་མི་ཐུབ་པ་དང་། མཚན་གོང་གཉིད་ལོག་པའི་སྐབས་དབུགས་འགགས་ཀྱིས་གཉིད་ལས་སད་པའི་སྣང་ཚུལ་འབྱུང་བ་ཡིན།

གསོ་ཐབས།

1 ནད་པ་ལྷིང་འཇགས་སུ་གནས་པར་བྱེད་དགོས།

2 རྐང་པ་གཉིས་ཐུར་དུ་དཔྱངས་ཏེ་ཙོག་པུར་འདུག་པ་དང་། དེ་དང་མཉམ་དུ་ཁྲག་གཅོད་སྡོམ་ཐག་གིས་རེས་མོས་ཀྱིས་ཡན་ལག་བཞི་བསྡམས་ཏེ། སྙིང་དུ་ལྡོག་པའི་ཁྲག་བོངས་ཇེ་ཉུང་དུ་གཏོང་དགོས།

3 ཆ་རྐྱེན་ཡོད་པ་རྣམས་ཀྱིས་དབྱང་དབུགས་རྔུབ་ཆོག

4 གཅིན་འབེབ་སྨན་ཁོང་སྨན་དུ་བསྟེན་ཆོག་མྱུར་གཅིན(速尿)ཧའོ་ཁེ20ཁོང་དུ་བསྟེན་དགོས།

5 གལ་ཏེ་ནད་པའི་དབུགས་འཚངས་པ་ཅུང་ལྕི་ན། ཕལ་ཆེར་མྱུར་གཤིས་གློ་བའི་ཆུ་སྐྲངས(急性肺水肿)འབྱུང་སྲིད་པས། མྱུར་དུ་རླངས་འཁོར་དུ་བདེ་བར་ཉལ་ནས་སྨན་ཁང་དུ་བསྐྱལ་ཏེ་བརྟག་བཅོས་བྱེད་དགོས།


མཉམ་སྤྱོད།