དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གདོད་འབྱུང་རང་བཞིན་གྱི་མཆིན་འབྲས།

2025-01-20 15:38:26   |   748

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གདོད་འབྱུང་རང་བཞིན་གྱི་མཆིན་འབྲས་ནི་མཆིན་པའི་ཕྲ་ཕུང་དང་མཆིན་ནང་མཁྲིས་སྦུབས་ཕྲ་ཕུང་ལས་བྱུང་བའི་འབྲས་སྐྲངས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ཞིབ་འཇུག་པ་རྣམས་ཀྱིས་མཆིན་འབྲས་དང་མཆིན་ཚད་ཁ་བའི་ནད་དུག འཁྱོག་ཧམ་སེར་པོའི་དུག་རྒྱུ་དང་གཞན་པའི་འབྲས་སྐྱེད་དངོས་རྫས་དང་འབྲེལ་བ་ཡོད་པར་འདོད་ཀྱིན་ཡོད།

ནད་རྟགས།

ཐོག་མའི་སྐབས་སུ་མཆིན་ཁམས་ལ་ན་ཟུག་གཏོང་བ་དང་། ཟས་ཀྱི་དང་ག་འགགས་པ། སྒྱིད་ལུག་པ་སོགས་ནས་རིམ་བཞིན་ཤ་སྐམ་པ་དང་། ཟུངས་ཁྲག་ཟད་པ། མཆིན་པ་ཆེར་རྒྱས་པ། ལག་པས་རེག་ན་རྩིབ་འོག་ཏུ་མཁྲེགས་པོར་མངོན་པ། ཚ་བ་རྒྱས་པ། ཆུ་བསགས་པ། མདོག་ཉམས་པ་སོགས་འབྱུང་བ་ཡིན།

སྔོན་འགོག

མཆིན་པ་སྲ་འགྱུར་གྱི་རྨང་གཞིའི་སྟེང་མཆིན་འབྲས་ཀྱི་བྱུང་ཚད་ཇེ་མཐོར་སོང་བའི་རྐྱེན་གྱིས་མཆིན་པ་སྲ་འགྱུར་རྣམས་ལ་དུས་ཐུང་ངུའི་ནང་མཆིན་པ་སྐྲངས་པ་དང་མཆིན་གནས་སུ་ན་ཟུག་འབྱུང་བའི་སྐབས་སུ་ཕལ་ཆེར་མཆིན་འབྲས་ཡིན་པར་དོགས་ཟོན་ནན་མོ་བྱེད་དགོས། ཟས་སུ་སྔོ་ངད་དང་དཀར་ཟས། ཆང་སྐྱུར་དང་ཉ་ཤ ཟས་རུལ་བ་སོགས་གནོད་པས་སྤང་དགོས།

གསོ་ཐབས།

1 མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་དགོས་པ་དང་། འགོར་གྱངས་གཏན་ནས་བྱེད་མི་རུང་།

2 བོད་ལུགས་གསོ་རིག་ལྟར་ན། ནད་འདི་ཐོག་མའི་སྐབས་སུ་ཟླ་ཤེལ་བདུད་རྩི་མ་དང་གི་ཝང་དགུ་པ། གི་ཏིག(གི་ཝང་དགུ་པ་དང་ཏིག་ཏ་བརྒྱད་པ་བསྲེས་པ)གཡུ་རྙིང་ཉེར་ལྔ་སོགས་བཏང་ནས་ནད་འཕེལ་རྒྱས་སུ་མི་འགྲོ་བར་སྔོན་དགོས་བྱ་དགོས་པ་དང་། དེ་ནས་རིམ་བཞིན་རིན་ཆེན་མང་སྦྱོར་དང་རིན་ཆེན་གྲང་སྦྱོར། སྐྲན་འཇོམས་ཟླ་བསིལ་སྟེང་ལ་གླ་རྩི་ཁ་ཚར་ཅན་དང་གླང་ཆེན་མེ་ཏོག་བཅོ་བརྒྱད། གུར་ཀུམ་བཅུ་གསུམ་སོགས་བསྟེན་ནས་བཅོས་པ་དང་། ཡང་ན་ཨ་རུ་ར་དང་བྲག་ཞུན། སྤོས་དཀར་གསུམ་གྱི་སྟེང་དུ་བ་ཤ་ཀ་དང་གུར་ཀུམ་བསྣན་ནས་གཏོང་བ་སོགས་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས།

3 ཟས་ཀྱིས་སྤང་བླང་ལ། ཙོང་དང་སྒོག་པ། སྒ་སྐྱ། སུར་པན། ཆང་སྐྱུར་དང་ཟན་སྐྱུར་སོགས་ཟས་སྐོམ་རོ་ཚ་བ་དང་སྐྱུར་བའི་རིགས་གནོད་པས་སྤང་དགོས།


སྐབས་སྔོན་མ། མཆིན་པ་སྲ་འགྱུར།
སྐབས་རྗེས་མ། མཁྲིས་སྣོད་ཚ་ནད།
མཉམ་སྤྱོད།