དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་རུལ་མྱག་རང་བཞིན་གྱི་ཕོ་ཚད།

2025-06-19 08:35:00   |   33

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མྱུར་གཤིས་རུལ་མྱག་རང་བཞིན་གྱི་ཕོ་ཚད།(急性糜烂性胃炎)ནི་ཕོ་བའི་འབྱར་སྐྱི་ལ་མང་འབྱུང་རང་བཞིན་གྱི་རུལ་མྱག་ཏུ་གྱུར་པ་ཁྱད་ཆོས་གཙོ་བོར་བཟུང་བའི་ཕོ་ཚད་ཅིག་ལ་གོ་དགོས།

ནད་རྟགས། 

གསུས་པ་གཟེར་བ་དང་། ཁྲག་སྐྱུགས་པ་དང་། དྲི་མ་ནག་པོར་ཆགས་པ་སོགས་ཀྱི་ནད་རྟགས་ཡོད་། ནད་མ་ལྡང་བའི་སྔོན་དུ་མངོན་གསལ་གྱི་མི་བདེ་བ་མེད་པ་དང་། ཡང་ན་འཇུ་སྟོབས་མི་བཟང་བ་ཙམ་ལས་མེད། མི་ལ་ལས་དེ་ལ་ཁྲག་འབྱུང་རང་བཞིན་གྱི་ཕོ་ཚད་ཀྱང་ཟེར། ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་ནི། སེམས་ཁམས་ལྷག་པར་དུ་འཚུབ་པ་དང་། ཆང་མང་དུ་འཐུང་བ། སྨན(དཔེར་ན་ཨ་ཟི་ཕི་རིན་དང་སྐུལ་རྩི། ཚ་གཟེར་སེལ)བསྟེན་པ་དང་། མེས་ཚིག་པ་དང་། ཕྱི་རྨས་བྱུང་བ། གཤག་བཅོས་ཆེན་པོ་བྱས་པ་སོགས་ཀྱིས་འབྱུང་བ་ཡིན། 

སྔོན་འགོག

ཟས་སྐོམ་སྐྱུར་བའི་རིགས་དང་རུལ་སུངས། ཟས་དུག་ཕོག་པ། ཆང་རག་དང་ཐ་མག་སོགས་སྤང་དགོས། 

གསོ་ཐབས།

1 ནད་ཀྱི་རྒྱུ་རྐྱེན་ལ་དམིགས་ནས་སྔོན་འགོག་གི་བྱ་ཐབས་སྤྱོད་དགོས། དཔེར་ན། ཨ་སི་ཕི་ལེན(阿司匹林)བསྟེན་པའི་སྐབས་སུ། དེ་དང་མཉམ་དུ་ཕོ་བདེ(胃舒平)ལེབ་མོ2རེ་ཉིན་གཅིག་ལ་ཐེངས3རེ་བསྟེན་ན་བཟང་།

2 ནད་བབ་ཅུང་ལྕི་བ་ལ། ཕོ་བདེ་ལེབ་མོ2རེ་ཉིན་གཅིག་ལ་ཐེངས3རེ་བསྟེན་པའམ། ཡང་ན་ལེ་མི་ཐི་དིན(雷米替叮)ལེབ་མོ1(ཧའོ་ཁེ20)རེ་ཉིན་གཅིག་ལ་ཐེངས2རེ་དང་། ཡང་ན་ལོ་སད་ཁུ(洛赛克)ལེབ་མོ1 (ཧའོ་ཁེ40)རེ་ཉིན་གཅིག་ལ་ཐེངས་གཅིག་བསྟེན་ནས་གསོ་བཅོས་བྱེད་དགོས།

3 གལ་སྲིད་ཁྲག་བྱུང་ན། གདོད་བྱུང་ནད་ཀྱི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ་ཡིན། གལ་ཏེ་དུས་ལྟར་ཐག་གཅོད་མ་ཐུབ་ཚེ། ཚེ་སྲོག་ལ་ཉེན་ཁ་འབྱུང་བ་ཡིན། དེའི་ཕྱིར་ཁྲག་བྱུང་བ་ཤེས་ན། མྱུར་དུ་སྨན་ཁང་ལ་བསྐྱལ་ནས་བརྟག་བཅོས་བྱེད་དགོས།

4 བོད་ལུགས་གསོ་རིག་ལྟར་ན། ཐོག་མར་ཟླ་ཤེལ་ཆེན་མོ་དང་བྲག་ཞུན་དགུ་པ། རུ་རྟ་དྲུག་པ། གཡུ་དྲིལ་བཅུ་གསུམ། མན་ངག་བསིལ་སྦྱོར་སོགས་གང་འོས་བསྟེན་པ་དང་། ཕོ་བར་ཚ་འབྲད་དང་ཟུག་ཆེར་ཡོད་ན་བྲག་ཞུན་དགུ་པ་དང་གཡུ་དྲིལ་བཅུ་གསུམ་ལ་ཁྱུང་ལྔ་ཁ་ཚར་དང་། སྦོས་བརྒྱངས་བྱེད་ན་རུ་རྟ་དྲུག་པ་དང་ཡང་ན་རུ་ཞི།(རུ་རྟ་དྲུག་པ་དང་ཞི་དྲུག་བསྲེས་པ)བྲང་ཚ་ཆུ་སྐྱུར་ལངས་ན་ཅོང་ཞི་དྲུག་པ་དང་ཐང་ཆེན་ཉེར་ལྔ། བདུད་ཅོང་སོགས་བསྟེན་པ་དང་། མཇུག་ཏུ་མེ་དྲོད་གསོ་ཕྱིར་སེ་འབྲུ་ལྔ་པ། དྭངས་མ་གནས་འཇོག དྭངས་བཙོ། དྭགས་སྨན་བཅོ་ལྔ་སོགས་གང་ལ་གང་འཚམ་གྱིས་གསོ་བཅོས་བྱ་དགོས།

5 ཟས་ཀྱི་སྤང་བླང་ལ། ཕྱི་ལུགས་གསོ་རིག་ལྟར་ན། དུ་བ་དང་ཆང་། ཤ་ཚོན་པོ། མར། སྣུམ་བཙོས་ཟས་རིགས། སུར་པན་ཕྱེ་མ།(辣椒粉) ཙོང་རིལ།(洋葱) ཕོ་བ་རིས་ཕྱེ་མ།(胡椒粉) ཁོ་ཧྥེ(咖啡)སོགས་མི་འཕྲོད་པས་སྤང་དགོས་ལ། ཤ་སྣག་དང་ཉ་ཤ བྱ་ཤ སྲོག་ཆགས་ཀྱི་མཆིན་པ་དང་མཁལ་མ། སྔོ་ཚོད། འོ་མ། སྒོ་ང་། སྲན་ཁུ་སོགས་འཕྲོད་པས་བསྟེན་ན་བཟང་།


མཉམ་སྤྱོད།