དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉན་ནུས་ལ་གནོད་པའི་བྱ་སྤྱོད་ཆུང་ཆུང་འདི་གཉིས་ང་ཚོས་རྒྱུན་པར་སྒྲུབ་བཞིན་ཡོད།

2025-09-10 08:30:16   |   35

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག རྣ་བ་ཡང་ཡང་སྔོག་པ། ཉན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བྱ་སྤྱོད་ཆུང་ཆུང་ཞིག་ཡོད་པ་ནི་རྣ་བ་སྔོག་པ་དེ་ཡིན། མི་ལ་ལའི་བསམ་པར་རྒྱུན་དུ་རྣ་ལམ་གཙང་སེལ་བྱས་ན་ཉན་ནུས་སྔར་བས་གསལ་བོ་ཡོང་ཐུབ་པར་འདོད། དོན་དངོས་སུ་རྣ་བ་སྔོག་དྲགས་ན་ཉན་ནུས་ལ་གནོད་པ་ཐེབས་སྲིད།

རྣ་སྤབས་ནི་ཕྱིའི་རྣ་ལམ་ནང་གི་པགས་ཚིལ་རྨེན་གྱིས་ཟགས་ཐོན་བྱས་པ་ཞིག་ཡིན། དེའི་ནུས་པ་ནི་ཕྱི་རོལ་གྱི་ཐལ་རྡུལ་དང་སྒྲ་རླབས་མང་བོ་ཕྱིའི་རྣ་ལམ་དུ་འཛུལ་བར་བཀག་འགོག་བྱས་ཏེ། ཕྱིའི་རྣ་ལམ་དང་རྔ་སྐྱི་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན། རྣ་བ་སྔོག་དྲགས་ན་རྣ་བའི་རང་ཉིད་སྲུང་སྐྱོབ་འགོག་སྲུང་ལ་གཏོར་བརླག་ཐེབས་ཏེ། སྒྲ་རླབས་མང་བོས་རྔ་སྐྱི་ལ་ཕོག་ཐུག་བཟོ་བ་དང་། ཡུན་རིང་འགོར་ཚེ་རྔ་སྐྱི་རྒས་པ་དང་སྲ་འགྱུར་བྱེད་པས། སྒྲ་བསྡུ་ལེན་བྱེད་པའི་ནུས་པའང་དེ་དང་བསྟུན་ནས་ཇེ་ཞན་དུ་འགྲོ་བ་ཡིན།

图片2.png

གཉིས། འཛེར་སྒྲའི་ཁོར་ཡུག་ཏུ་རྣ་ཉན་རྒྱག་པ། ཉན་ནུས་ལ་གནོད་པ་ཐེབས་སྲིད་པའི་གོམས་གཤིས་གཞན་ཞིག་ནི་རྣ་ཉན་ཡང་དག་པའི་སྒོ་ནས་བཀོལ་སྤྱོད་མི་བྱེད་པ་དེ་ཡིན། ལག་འཁྱེར་ཁ་པར་དང་ཁ་འབྲལ་ཐབས་མེད་པའི་དུས་རབས་འདིར། བརྙན་ལམ་སྣ་ཚོགས་དང་སྒྲ་ཟློས་ཕུན་སུམ་ཚོགས་པས་ང་ཚོའི་འཚོ་བ་ལ་དུས་དང་རྣམ་པ་ཀུན་ཏུ་སྤྲོ་སྣང་སྟེར་བཞིན་ཡོད། མི་མང་བོས་སྤྱི་པའི་ཁོར་ཡུག་ཏུ་མི་གཞན་གྱིས་བར་ཆད་མི་བྱེད་པའི་ཆེད་དུ་རྣ་ཉན་རྒྱག་པར་དགའ། འོན་ཀྱང་ཡུན་རིང་ལ་རྣ་ཉན་བརྒྱབ་ན། སྒྲ་རླབས་ཀྱིས་ཐད་ཀར་རྔ་སྐྱི་ལ་ཕོག་ཐུག་ཐེབས་ཏེ། དུས་ཡུན་རིང་བོ་འགོར་རྗེས་ཉན་ནུས་ཇེ་ཞན་དུ་འགྲོ་སྲིད།

ཡང་དག་པའི་ཐབས་ལམ་ནི་དུས་ཚོད་ཡུན་རིང་ལ་རྣ་ནང་དུ་འཛུགས་པའི་རྣ་ཉན་མི་སྤྱོད་པ་དང་། སྒྲའི་མཐོ་དམའ་གསུམ་ཆའི་གཅིག་གི་མན་ལ་ཚོད་འཛིན་བྱ་དགོས། འཛེར་སྒྲ་ཆེ་བའི་ཁོར་ཡུག་ཏུ་རྣ་ཉན་མི་སྤྱོད་པའམ་འཛེར་སྒྲ་ཇེ་ཆུང་དུ་གཏོང་བའི་རྣ་ཉན་བདམས་ཏེ། སྒྲ་ཚད་མཐོ་བའི་སྒྲ་རླབས་ཀྱིས་དུས་ཡུན་རིང་བོར་རྔ་སྐྱི་ལ་ཕོག་ཐུག་བཏང་ནས་ཉན་ནུས་ལ་གཏོར་བརླག་མི་ཐེབས་པ་བྱ་དགོས།


མཉམ་སྤྱོད།