དེ་རིང་ནི2025ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྦྲང་རྩི་དང་སྒོག་ཁུ་སྤྱད་ནས་སྣ་འགགས་པ་སེལ་བའི་ཐབས་ཤེས།

2025-09-11 16:32:46   |   18

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྣ་ཚད་ལ་སྤྱིར་བཏང་དུ་དལ་བའི་རང་བཞིན་གྱི་སྣ་ཚད་དང་ཚོར་ཐལ་རང་བཞིན་གྱི་སྣ་ཚད། རྙིད་འཁུམ་རང་བཞིན་གྱི་སྣ་ཚད་སོགས་ཡོད་མོད། འོན་ཀྱང་ནད་རྟགས་གཙོ་བོ་ནི་སྣ་འགགས་པ་དང་སྣ་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ་སོགས་ཡིན། འདིར་སྣ་ཚད་ཀྱི་ནད་རྟགས་སེལ་བའི་བྱེད་ཐབས་ཤིག་ངོ་སྤྲོད་བྱ།

图片11.jpg

སྒོག་པ་རྡོག་བུ3ནས4ཙམ་བརྡུངས་རྗེས། སེང་རས་ཀྱིས་བཏུམས་ཏེ་ཁུ་བ་བཙགས་པ་དང་། སྒོག་པའི་ཁུ་བ་ལས་ལྡབ2ཀྱིས་མང་བའི་སྦྲང་རྩི་བླངས་ནས་མཉམ་དུ་དཀྲུག་དགོས་ཤིང་། དེ་ནས་སེང་རས་སམ་ཤོག་བུའི་སྟེང་དུ་སྒོག་པ་དང་སྦྲང་རྩི་བསྲེས་མའི་ཁུ་བ་ཉུང་ཙམ་བླངས་ནས་སྣ་ཁུང་ནང་དུ་འཇོག་དགོས། ཉིན་རེའི་ནངས་དགོང་ལ་ཐེངས་རེ་དང་ཉིན་ལྔ་བཅོས་ཡུན་གཅིག་བྱ་དགོས། སྤྱིར་བཏང་དུ་བཅོས་ཡུན་གཉིས་སྤྱད་ན་སྣ་ཚད་སེལ་ཐུབ།

图片22.jpg

སྒོག་པ་ནི་ཁ་ཚ་ཞིང་དྲོ་བའི་རང་བཞིན་ཡིན་ལ། དུག་སེལ་སྲིན་འགོག་དང་། གློ་ལུ་བ་དང་ལུད་པ། སྣ་འགགས་པ་བཅས་སེལ་བའི་ཕན་ནུས་ལྡན། སྦྲང་རྩི་ལ་ཕྲ་སྲིན་གསོད་པ་དང་ལྷོད་འཇགས་ཀྱི་ནུས་པ་ཅུང་ཆེན་པོ་ལྡན་ཞིང་། ཕྱི་ལ་བཀོལ་ན་སྲིན་འགོག་གཉན་སེལ་དང་ཟུག་འཇོག་དུག་སེལ། རྨ་ཁ་འདུ་འདྲིལ་བཅས་ཀྱི་ནུས་པ་ལྡན་པས། འདི་གཉིས་མཉམ་དུ་བཀོལ་ན་གློ་བའི་དབུགས་གསབ་པ་དང་སྲིན་འབུ་འགོག་པའི་ནུས་པ་ལྡན།


མཉམ་སྤྱོད།