དེ་རིང་ནི2025ལོའི་ཟླ09པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤོས་འགྱིག་སྣོད་དུ་ཟས་དྲོན་མོ་བླུགས་ན་བདེ་འཇགས་ཡིན་ནམ།

2025-09-16 10:09:50   |   23

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞོགས་ཟས་ཚོང་ཁང་གིས་སྤོས་འགྱིག་སྣོད་སྤྱད་དེ་སྲན་ཁུ་བཙོང་བ་དང་། མངག་ཟས་སྣོད་དུ་ཐུག་པ་ཚ་པོ་བླུགས་པའི་སྣང་ཚུལ་ལ་སྤྱི་དམངས་བྱིངས་ཀྱིས་སེམས་ཁྲལ་བྱེད་པའི་རྒྱུ་མཚན་ནི། བརྙན་ཐུང་སྤྱི་སྟེགས་སུ"སྤོས་འགྱིག་སྣོད་ཚ་ངད་དང་ཕྲད་ན་དུག་ལྡན་དངོས་པོ་ཕྱིར་གཏོང་བའི"བཤད་ཚུལ་བསྒྲགས་པ་དང་འབྲེལ་བ་ཡོད། དེས་ན། ཐུམ་སྒྲིལ་སྣོད་འདི་དག་སྤྱད་ན་བདེ་འཇགས་ཡིན་མིན་གྱི་སྐོར་ནས།《ཚན་རྩལ་ཉིན་རེའི་ཚགས་པར》གྱིས་ཀྲུང་གོའི་ཐུམ་སྒྲིལ་ཚན་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཆེད་མཁས་པ་ཏུའུ་ཡུའེ་ལ་བཅར་འདྲི་བྱས་ཏེ་དབང་དྲགས་ལྡན་པའི་གསལ་འགྲེལ་བྱས་ཡོད།

图片1.png

གཅིག ཚད་ལྡན་ཐོན་རྫས་ཀྱི་ཉེན་ཁ་ཆུང་བ།

རང་རྒྱལ་གྱིས《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་བཙན་ཤེད་ཚད་གཞི་བརྒྱུད། སྤུས་འགྱིག་སྣོད་ཀྱི་ཟས་སྡེར་བཀོལ་བར་དོ་དམ་ནན་པོ་བྱས་ཡོད། མིག་སྔར། ཁྲོམ་རར་རྒྱུགས་ཆེ་བའི་ཟས་སྣོད་ཀྱི་རྒྱུ་ཆ་ནི་ཞི་ག་འདུས(PP)སམ་ཞི་ཁ་འདུས(PE)ཡིན། དེ་ཉིད་མཉེན་ཞིང་སྲ་བ་དང་། ཆུ་འགོག་རང་བཞིན་གྱིས་འཛད་སྤྱོད་པའི་དུས་རྒྱུན་གྱི་དགོས་མཁོ་སྐོང་ཐུབ་པས། པུན་ཅ་སྐྱུར་གཉིས་ཀྲིའམ་ཧྥུལ་འགྱུར་རྫས་མ་བསྣན་ན་ཡང་། ཚད་ལྡན་ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་ལ་འགན་སྲུང་བྱས་ཡོད།

གཉིས། སྤོས་འགྱིག་ཕྲ་མོའི་ཉེན་ཁ་ཚོད་འཛིན་བྱེད་ཐུབ་པ།

སྤོས་འགྱིག་ཕྲ་མོ་ནི་སྤོས་འགྱིག་རྒས་འགྱུར་དང་བསྟུན་ནས་རང་བཞིན་གྱིས་འབྱུང་བ་ཡིན། འོན་ཀྱང་། གཅིག་སྤྱོད་ཟས་སྣོད་ཀྱི་བཀོལ་ཡུན་ཐུང་ཞིང་བརྗེ་ལེན་མགྱོགས་པས། ཕྱིར་གཏོང་ཚད་ནི་བདེ་འཇགས་ཚད་ལས་དམའ། དོགས་ཟོན་བྱ་དགོས་པ་ཞིག་ལ།ཡང་ནས་བསྐྱར་དུ་བཀོལ་བའམ་དྲོད་མཐོའི་ཚ་སྣོན་བྱས་ཚེ། སྤོས་འགྱིག་རྙིང་འགྱུར་ཇེ་མགྱོགས་དང་སྤོས་འགྱིག་ཕྲ་མོའི་ཕྱིར་གཏོང་བྱེད་ཚད་ཇེ་མང་དུ་འགྲོ་བ་ཡིན། གཞན་སྤུས་ཀ་ཞན་པའི་ལྦུ་སྐྱེད་སྤོས་འགྱིག(PSརྒྱུ་ཆ)དྲོད་ཚད་མཐོ་བ་དང་འཕྲད་ན། པུན་དབྱིན་ཞི་ཕྱིར་གཏོང་བྱེད་སྲིད་པས། QS/SCཡིས་དཔང་བདེན་ར་སྤྲོད་བྱས་པའི་བཟའ་བཅའི་ཐུམ་སྣོད་གདམ་རྒྱུ་གལ།

གསུམ། སྤོས་འགྱིག་སྣོད་བདེ་འཇགས་ངང་སྤྱོད་པའི་རྩ་དོན་བཞི།

1.མཚོན་རྟགས་ངོས་འཛིན་བྱེད་པ།

རླབས་ཕྲན་ཐབ་ཀས་ཚ་སྣོན་མ་བྱས་པའི་སྔོན་ལ་སྣོད་ཞབས་ཀྱི་རླབས་ཕྲན་ཚ་སྣོན་བྱེད་ཆོག་མིན(PP5)གྱི་མཚོན་རྟགས་ལ་བལྟ་དགོས། རྟགས"7"དང"PC"ཡི་སྣོད་ཆས་སྤྱོད་མི་རུང་།

2.དྲོད་ཚད་དང་དུས་ཚོད་ཚོད་འཛིན་བྱེད་པ།

དྲོད་ཚད་མཐོ་བའི་ཟས་རིགསPPཟས་སྣོད་དུ་བླུགས་རྗེས། མྱུར་དུ་བཟའ་དགོས་པ་དང་ཉར་ཚགས་བྱ་ཡུན་ཇེ་ཐུང་དུ་གཏོང་དགོས།

3.ཡང་ནས་བསྐྱར་དུ་མི་བཀོལ་བ།

གཅིག་སྤྱོད་ཟས་སྣོད་ནི་ཐེངས་གཅིག་ལ་བཀོལ་བ་ལས། ཡང་ནས་བསྐྱར་དུ་བཀོལ་ན་འབུ་ཕྲ་འབྱུང་སྲིད་པའམ་རྫས་འགྱུར་དངོས་པོའི་གནས་སྤོ་ཇེ་མགྱོགས་སུ་གཏོང་སྲིད།

4.ཉེན་ཁ་ཆེ་བའི་སྣང་ཚུལ་ལ་དོགས་ཟོན་བྱེད་པ།

བཟའ་བཅའི་རིམ་པ་མིན་པའི་སྤོས་འགྱིག་སྣོད་དུ་ཁུ་བ་ཚ་པོ་མི་ལྡུག་པ་དང་། བཏུང་བའི་སྣོད་དུ་བྲོ་རྫས་སམ་བཟའ་སྣུམ་ལྡུག་མི་རུང་ངོ་།


མཉམ་སྤྱོད།