དེ་རིང་ནི2025ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟས་རིགས་འདི་གསུམ་གྱིས་མིག་དབང་སྲུང་ཐུབ།

2025-09-17 15:28:42   |   33

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

གཅིག ཕག་གི་མཆིན་པས་འཚོ་རྒྱུAཁ་གསབ་བྱེད་པ།

འཚོ་རྒྱུAནི་མིག་དབང་སྲུང་ཐབས་ལ་ཧ་ཅང་གལ་ཆེ་ཞིང་། སྲོག་ཆགས་ཀྱི་མཆིན་པ་དང་ལ་ཕུག་སོགས་ཀྱི་ཟས་རིགས་ལ་དེའི་འདུས་ཚད་ཕུན་སུམ་ཚོགས། འོན་ཀྱང་། ཕག་མཆིན་གྱི་འཚོ་བཅུད་མཐོ་བས་འོས་འཚམ་ངང་བཟའ་དགོས། ཟླ་རེ་ལ་ཐེངས2ནས3ཙམ་ཟ་བ་དང་། ཐེངས་རེར་ཁེ25ཡས་མས་ཟོས་ན་འཚམ།

图片2.png

གཉིས། གྲོའི་སྦྲུམ་མྱུག་ལ་འཚོ་རྒྱུB1མང་བོ་འདུས་པ།

འཚོ་རྒྱུB1གིས་མིག་གི་ངལ་དུབ་སེལ་ཐུབ། འབྲུ་རིགས་དང་སྲན་རིགས་སོགས་ལ་འཚོ་རྒྱུB1གི་འདུས་ཚད་ཅུང་མཐོ་བས། ཆན་དང་ཐུག་པ་གཡོས་སྦྱོར་བྱེད་སྐབས། གྲོ་སྦྲུམ་མྱུག་ཕྱེ་སྣོན་པར་སྐུལ་མ་བྱ་དགོས།

图片3.png

གསུམ། སྤྲེལ་ཁམ་གྱིས་འཚོ་རྒྱུCཁ་གསབ་བྱེད་པ།

འཚོ་རྒྱུCཡིས་མིག་དབང་རྒས་འགྱུར་གྱི་ཚད་ཇེ་དལ་དུ་གཏོང་ཐུབ། སྤྲེལ་ཁམ་ལ་འཚོ་རྒྱུCཡི་འདུས་ཚད་ཕུན་སུམ་ཚོགས་པས། དེ་ཉིད་ཟས་ཐུན་གཉིས་ཀྱི་བར་དུ་བཟའ་དགོས་པ་དང་། ཉིན་རེ་ལ་ཐེངས3ལས་བརྒལ་མི་རུང་།


མཉམ་སྤྱོད།