དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉིན་ཞག་གཅིག་གི་གཉིད་ཡུན་བཟང་ཤོས་ནི་དུས་ཚོད་བརྒྱད་ཡིན་ནམ།

2025-09-19 14:40:39   |   83

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


题图_proc.jpg

ཉིན་ཞག་གཅིག་གི་གཉིད་ཡུན་བཟང་ཤོས་དེ་དུས་ཚོད་བརྒྱད་ཡིན་པའི་བཤད་ཚུལ་ནི་ཚད་མས་མ་གྲུབ།

མཚན་མོར་གཉིད་མི་ཡོང་བ་དང་ཉིན་མོར་གཉིད་མང་བ། དེ་མིན་གཉིད་བདེ་མིན་གྱི་སྐོར་ལ་མི་རྣམས་ཀྱིས་སྔར་བས་མཐོང་ཆེན་བྱེད། འཚོ་བའི་སྤུས་ཚད་ལེགས་པོ་ཡོང་ཆེད། "ཉིན་ཞག་གཅིག་གི་གཉིད་ཡུན་བཟང་ཤོས་དེ་དུས་ཚོད་བརྒྱད་ཡིན"ཞེས་པའི་བཤད་ཚུལ་ཞིག་དྲ་རྒྱའི་སྟེང་དུ་རྒྱ་ཁྱབ་ངང་དར་ཞིང་། མི་མང་པོ་ཚད་ཐིག་འདི་ལ་མ་ཐོན་པས་སེམས་ཁྲལ་བྱེད་པ་དང་། ཐ་ན་དུས་ཚོད8ལ་གཉིད་འདོད་ཀྱང་གཉིད་མི་ཐུབ་པའི་སྣང་ཚུལ་བྱུང་ནས།  རང་ཉིད་ལ་གཉིད་བདེ་མིན་གྱི་གནོན་ཤུགས་ཆེན་པོ་སྤྲད་ཡོད།

图片11.jpg

འོ་ན། ཉིན་རེར་དུས་ཚོད་ཅི་ཙམ་ལ་གཉིད་ན་འོས་འཚམས་ཡིན་ནམ་ཞེ་ན། དེ་ནི་མི་སོ་སོའི་གནས་ཚུལ་ལ་གཞིགས་དགོས།

གཅིག ན་ཚོད་མི་འདྲ་བའི་དབང་གིས་གཉིད་ཀྱི་དུས་ཚོད་ཀྱང་མི་འདྲ། ཕྲུ་གུ་དམར་འབྱར་ལ་མཁོ་བའི་གཉིད་ཀྱི་དུས་ཚོད་ནི་ཆེས་མང་བ་ཡིན། ནར་སོན་པ་དང་བསྟུན་ནས། མི་རྣམས་ལ་མཁོ་བའི་གཉིད་ཀྱི་དུས་ཚོད་རིམ་བཞིན་ཇེ་ཉུང་དུ་འགྲོ་ཞིང་། ལོ18ལ་སོན་རྗེས། འགྱུར་ལྡོག་དེ་གཞི་ནས་གཏན་འཇགས་ཡིན།

གཉིས། མི་དར་མའི་གཉིད་ཚད་ཀྱང་མི་འདྲ། ལ་ལ་དུས་ཚོད5འམ6ཙམ་ལ་གཉིད་ནའང་རྣམ་རིག་ལེགས་པོ་རྒྱུན་འཁྱོངས་བྱེད་ཐུབ་པ་དང། འགའ་ཞིག་དུས་ཚོད9དང་ཐ་ན10ཡི་ཡན་ལ་གཉིད་ན་ད་གཟོད་རྣམ་རིག་ལེགས་པོ་རྒྱུན་འཁྱོངས་བྱེད་ཐུབ། བཤད་མ་དགོས་པ་ཞིག་ལ། མི་ཕལ་མོ་ཆེར་ཉིན་རེའི་ཆ་སྙོམས་གཉིད་ཡུན་ཆུ་ཚོད7དགོས།

图片22.jpg

ཁྱོད་ཀྱི་གཉིད་ཡུན་ནི་ཁྱོད་ཀྱི་ལུས་པོའི་གནས་ཚུལ་དང་དགོས་མཁོ་ལ་བརྟེན་ནས་ཐག་གཅོད་དགོས།

ཉིན་རེར་དུས་ཚོད་ཅི་ཙམ་ལ་གཉིད་དགོས་པ་ཇི་ལྟར་བརྡར་ཤ་གཅོད་དགོས་སམ་ཞེ་ན། ཆེས་སྟབས་བདེ་བའི་ཐབས་ཤེས་ནི་གཉིད་ལས་སད་རྗེས་ཀྱི་ཉམས་སྣང་ལ་བརྟག་པ་དེ་ཡིན།

གལ་ཏེ་གཉིད་ལས་སད་རྗེས། དུས་ཚོད་མང་ཆེ་བར་རིག་པ་གསལ་བར་མ་ཟད། བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་ཅིང་། ལས་ཀ་དང་འཚོ་བར་ཤུགས་རྐྱེན་མི་ཐེབས་ན། གཉིད་ཀྱི་སྤུས་ཚད་ལེགས་པོ་ཡོད་པའི་རྟགས་དང་། དེ་ལས་ལྡོག་སྟེ་གཉིད་ཁུག་པ་དང་། རིག་པ་སྒྲིམ་མི་ཐུབ་པར་གྱུར་ན། གཉིད་ཀྱིས་མ་འདང་བའམ་སྤུས་ཚད་ཞན་པ། ཡང་ན་དེ་གཉིས་ཀ་འཛོམས་ཡོད་མེད་ལ་བརྟག་དགོས།

图片33.jpg


མཉམ་སྤྱོད།