དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུ་རླུགས་ཀྱི་ནད།

2025-09-24 09:06:42   |   179

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

རྒྱུ་རླུགས་ཀྱི་ནད་ཟེར་བ་ནི་རྒྱུ་མ་གྲོད་སྐྱིའི་ཕྱི་ངོས་སུ་ལུག་ནས་སྦོས་སྐྲངས་ཆགས་པའི་ནད་ཅིག་ཡིན་ལ། དེ་ནི་ཟས་སྤྱོད་ལོག་པ་དང་། བཤང་བ་བཙིར་དྲགས་པ། འཁྲུགས་ལས་ཆེ་དྲགས་པ་སོགས་ཀྱིས་གྲོད་སྐྱི་གས་རྡོལ་བྱུང་བར་བརྟེན་ནས་སློང་བ་དང་། དེར་རྒྱུ་མ་བརླ་ཁུག་གི་བར་གསེང་བརྒྱུད་ནས་གསང་སྒྲོའི་ནང་ལུག་པ་དང་། ཡང་ན་བརླ་ཁུག་ཏུ་ལུག་པ། ལྟེ་ཁུང་བརྒྱུད་ནས་གསུས་ལྡེབས་སུ་ལུག་པ་སོགས་ཡོད།

ནད་རྟགས།

གློ་ལུ་བ་དང་བཤང་གཅི་བཙིར་དྲགས་པ། ཡུན་རིང་ལངས་བསྡད་པ། བྱིས་པ་ཡིན་ན་ངུས་དྲགས་པ་སོགས་ཀྱིས་གསང་སྒྲོ་དང་བརླ་ཁུག གྲོད་ལྡེབས་སོགས་སུ་རྒྱུ་མ་ལུག་ནས་སྐྲངས་པ། མནན་ན་མཉེན་པ། གན་རྐྱལ་དུ་ཉལ་བ་དང་དྲོད་བཅོས་བྱེད་པ། ལག་པས་མནན་ན་གནས་སྐབས་སུ་ནང་དུ་འཛུལ་འགྲོ་བ། ཡང་ན་ཉིན་མོར་ཕྱིར་ལུག་པ་བཅས་ཀྱི་རྟགས་ཡོད། རྒྱུ་མ་ཕྱིར་ལུག་པ་དང་མཉམ་དུ་ཟས་རོ་ལུག་ནས་འཛུལ་མ་ཐུབ་ན་རྒྱུ་མར་གཉན་ཁ་རྒྱས་ནས་མདོག་དམར་ལ་སྐྲངས་པ་དང་། ན་ཟུག་ཆེ་བ། བཤང་བ་འགགས་པ། འོག་རླུང་མི་ཐོན་པ། ཁོག་པ་སྦོས་བརྒྱངས་བྱེད་པ་ཡིན།

སྔོན་འགོག

བཤང་གཅི་མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་དང་ཤུགས་ལས་ཆེན་པོ་བྱས་པ། བྱིས་པ་ཡིན་ན་ངུས་དྲགས་པ་སོགས་བྱ་མི་རུང་།

གསོ་ཐབས།

བོད་ལུགས་གསོ་རིག་ལྟར་ན། གཟེར་ཟུག་ཆེན་པོ་ཡོད་ཚེ་སྨན་ལ་ཁྱུང་ལྔ་དང་། ཁྱུང་ལྔ་མདོག་བཞི། དངུལ་ཆུ་རིན་ཆེན་བཅོ་བརྒྱད། ཞི་ཁྱུང་སོགས་ནད་ཁམས་དང་བསྟུན་ནས་གཏོང་བ་དང་། སྣུམ་ལྡན་ཚན་དེའི་རིགས་ཀྱིས་དུགས་བྱས་པ་དང་། དྲོད་བཅོས་བྱ་དགོས། ལྷག་པར་དུ་ནད་པ་གན་རྐྱལ་ཉལ་དུ་བཅུག་རྗེས་རྒྱུ་མ་ལུག་སའི་གནས་དེར་སྲིན་བལ་ཚོམ་བུར་བྱས་པས་མནན་ཐོག་སང་རས་ཀྱིས་དཀྲིས་ནས་གཟའ་འཁོར་གསུམ་བཞི་ཙམ་འཇོག་དགོས།


མཉམ་སྤྱོད།