དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཚོ་བཅུདCཡིས་ཆམ་ནད་སྔོན་འགོག་བྱེད་ཐུབ་ཅིང་། ཅི་ཙམ་ཟོས་ན་དེ་ཙམ་བཟང་བ་ཡིན་ནམ།

2025-09-24 16:56:05   |   261

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


7777.jpg

འཚོ་བཅུདCཡིས་ཆམ་ནད་སྔོན་འགོག་བྱེད་ཐུབ་ཅིང་། ཅི་ཙམ་ཟོས་ན་དེ་ཙམ་བཟང་བ་ཡིན་ཞེས་པའི་བཤད་ཚུལ་དེ་རིགས་ལ་ཚན་རིག་གི་གཞི་འཛིན་ས་མེད།

འཚོ་བཅུདCནི་རྒྱུན་མཐོང་གི་འཚོ་བཅུད་ཅིག་ཡིན་ཏེ། ཁྲག་རུལ་ནད་སྔོན་འགོག་དང་སྨན་བཅོས་བྱེད་པར་བཀོལ་ཆོག་པར་མ་ཟད། ལུས་ཕུང་གི་སྐྱེ་དངོས་རྫས་འགྱུར་འགྱུར་འབྱུང་ལ་ཞུགས་ཐུབ། དེ་ནི་མིའི་རིགས་ལ་ངེས་པར་དུ་མཁོ་བའི་འཚོ་བཅུད་ཀྱི་གྲས་ཤིག་ཡིན། འོན་ཀྱང་མིག་སྔར་འཚོ་བཅུདCཡིས་ཆམ་ནད་སྔོན་འགོག་བྱེད་ཐུབ་པར་གསོ་རིག་གི་དཔང་རྟགས་ཡིད་རྟོན་རུང་བ་ཞིག་རྙེད་མེད། 

འཚོ་བཅུདCནི་མིའི་ལུས་ཕུང་གིས་བསྐྱེད་པ་དང་། ཟས་རིགས་ལ་བརྟེན་ནས་ཐོབ་ཀྱང་ཆོག ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན་ལས་བདེ་ཐང་གི་མི་དར་མས་ཉིན་རེར་འཚོ་བཅུདCཧའོ་ཁེ100ཡན་བསྡུ་ལེན་བྱ་དགོས་པ་བསྟན། འཚོ་བཅུདCནི་མེད་དུ་མི་རུང་བའི་འཚོ་བཅུད་ཅིག་ཡིན། འོན་ཀྱང་། ཚད་ཆེན་པོའི་སྒོ་ནས་འཚོ་བཅུདCབསྡུ་ལེན་བྱས་ན། ཟས་མི་འཇུ་བ་དང་སྐྱུག་མེར་ལངས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། གསོ་རིག་སྡེ་གཙོ་གྲས་ཁག་གིས་ཀྱང་འཚོ་བཅུདCཚད་ལས་བརྒལ་བ་བསྡུ་ལེན་བྱས་ན། མཁལ་མའི་རྡེའུ་སྐྲན་གྱི་ཉེན་ཁ་ཇེ་ཆེར་འགྲོ་བར་འདོད། 

དེར་བརྟེན། འཚོ་བཅུད་ཅི་ཙམ་མང་དུ་ཟོས་ན་དེ་ཙམ་གྱིས་བཟང་བའི་ངེས་པ་མེད། བདེ་ཐང་གི་མི་རྣམས་ཀྱིས་བཟའ་བཅའ་སྙོམས་པོ་ཡོང་བར་དོ་སྣང་བྱས་ཏེ། ཤིང་འབྲས་དང་སྔོ་ཚལ་འདང་ངེས་ཟོས་ཚེ། ཆེད་དུ་འཚོ་བཅུདCཡོད་པའི་ཁ་གསབ་སྨན་ཉོས་ནས་འཐུང་མི་དགོས།


སྐབས་སྔོན་མ། རྒྱུ་རླུགས་ཀྱི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།